གསར་རྩོམ་ལྷ་མོ《མདོ་གཞུང་གི་དཔྱིད་ཀ》ཞེས་པ་གསར་རྩོམ་ནང་སྦྱོང་བྱེད་འགོ་ཚུགས་པ།

| 2015-04-02 10:02:58

རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རོགས་སྐྱོར་རྣམ་གྲངས་དངོས་ཡོད་ཀྱི་བརྗོད་བྱ་མཚོན་པའི་གསར་རྩོམ་ལྷ་མོ《མདོ་གཞུང་གི་དཔྱིད་ཀ》ཞེས་པ་ཚེས་24ཉིན་གསར་རྩོམ་ནང་སྦྱོང་བྱེད་འགོ་ཚུགས་པ་དང་ལྷ་མོ་དེ་ཉེ་དུས་ནུས་ཤུགས་ཡོད་རྒུས་གསར་རྩོམ་དང་ནང་སྦྱོང་བྱས་ཏེ་འདི་ལོའི་ཟླ་5ཚེས་20ཉིན་རིགས་གཅིག་མཁས་ཅན་གྱིས་ཐོག་མའི་ཞིབ་དཔྱད་བྱས་པ་བརྒྱུད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྤེལ་རིང་འཁྲབ་སྟོན་བྱ་རྒྱུ་རེད།

གསར་རྩོམ་ལྷ་མོ《མདོ་གཞུང་གི་དཔྱིད་ཀ》ཞེས་པའི་ནང་བོད་རྙིང་པར་གཞིས་ཀ་ཞིག་ནང་བྱུང་བའི་གཏམ་རྒྱུད་འཁོད་པ་དང་དམངས་ཁྲོད་སྒྱུ་རྩལ་པ་ཞིག་གི་བོད་རྙིང་པའི་དཀའ་ཚེགས་ཆེ་བའི་འཚོ་བའི་མྱོང་བ་བརྒྱུད་བོད་རྙིང་པའི་དམའ་རིམ་ངལ་རྩོལ་མི་དམངས་ལ་གཉའ་གནོན་དང་བཤུ་གཞོག་ཕོག་པའི་དཀའ་སྡུག་ཆེ་བའི་ལས་དབང་མཚོན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་སྒྱུར་བཅོས་སྒོ་དབྱེའི་དུས་བབ་ཧ་ཅང་བཟང་པོའི་འོག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ལ་བསྟོད་གླུ་བླངས་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བར་འབུལ་རྒྱུའི་ཕྱག་བཏགས་ཡིན་པའི་འཁྲབ་ཚན་དེའི་འཁྲབ་གཞུང་དང་འཁྲབ་སྟོན་བྱེད་སྟངས་སོགས་ལེགས་སུ་མངོན་གསལ་དོད་པོ་བཏང་བས་དེ་བས་མི་རྣམས་ཡིད་མགུ་ཐུབ་པ་ཞིག་ཡོང་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།