ཆབ་མདོ་གྲོང་ཁྱེར་གྱིས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འཛུགས་དང་དཔྱད་འདེམས་གཏིང་ཟབ་བྱེད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-03-19 10:47:12

ཉེ་ཆར་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས“དུད་སྦྲེལ་དུས་བདེ་དང་དུད་སྦྲེལ་འབབ་འཕར”གྱི་སྤྱིའི་བླང་བྱར་གཞིགས་ཏེ“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འཛུགས་དང་དཔྱད་འདེབས་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཤུགས་སྣོན་བརྒྱབ་སྟེ“དམ་འཛིན་གསུམ་དང་། མཐོར་གཏོང་གསུམ། བརྡ་ཁྱབ་གཅིག”བཅས་བྱས་པ་བརྒྱུད“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འཛུགས་དང་དཔྱད་འདེམས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་རྒྱུར་རྨང་གཞི་བཏིང་ཡོད།

གཏོད་འཛུགས་དང་དཔྱད་འདེམས་ཀྱི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་གཏོང་ཆེད་དྲིལ་བསྒྲགས་ཁྲིད་སྟོན་བྱེད་རྒྱུར་དམ་འཛིན་བྱས་ཏེ་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ཡོད། ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་གཉིས་ལྡན་དུད་སྦྲེལ་གཞུང་དོན་ཁང་གིས་དྲིལ་བསྒྲགས་འགན་ནུས་སྡེ་ཚན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཅིག་སྡུད་སྒྲོག་འགྲེལ་དང་། འདྲི་རྩད་དྲིལ་བསྒྲགས། དཔེ་མཚོན་གནས་ཚུལ་གཏོང་སྤེལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་། བརྙན་འཕྲིན་དང་། ཚགས་པར་དང་དུས་དེབ། དྲ་རྒྱ་སོགས་སྨྱན་སྦྱོར་བེད་སྤྱོད་ལེགས་པར་བྱས་ནས“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་དྲིལ་བསྒྲགས་དང་གཏོང་སྤེལ་བྱེད་རྒྱུ་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་སྟེ་ཕན་ནུས་ལྡན་པའི་སྒོ་ནས་གཉིས་ལྡན་དུད་སྦྲེལ་མང་ཚོགས་ཀྱིས“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།