བོད་ལྗོངས་ཀྱི་དངུལ་རྩའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལས་དོན་བརྟན་པོའི་ངང་སྐུལ་འདེད་ཐུབ་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-03-19 10:46:04

ཉེ་དུས་འཚོགས་པའི་2015ལོའི་རང་སྐྱོང་ལྗོངས་དངུལ་ཁང་སྒྲིག་གཞིའི་དངུལ་རྩའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པར། 2011ལོའི་ལོ་སྟོད་ནས་བཟུང་རང་ལྗོངས་ཀྱི་དངུལ་རྩའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལས་དོན་སྤེལ་ཚུན་བོད་ལྗོངས་མངའ་ཁུལ་དངུལ་ཁང་སྒྲིག་གཞིས་དངུལ་རྩའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལས་དོན་དང་སྤྱི་ཚོགས་ཀྱི་ལག་ལེན་དངོས་ཟུང་འབྲེལ་དམ་ཟབ་བྱས་ཏེ་དངུལ་རྩའི་ཞབས་ཞུ་ལེགས་སུ་གཏོང་བ་དང་ཆབས་ཅིག་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་དབང་གྲགས་རང་བཞིན་ཆེ་རུ་བཏང་ནས་དངུལ་རྩའི་འཛད་སྤྱོད་པར་མགྱོགས་ལ་ཕན་འབྲས་ཆེ་བའི་ཁེ་དབང་སྲུང་སྐྱོང་གི་ལྗང་མདོག་བགྲོད་ལམ་བཏོད་པ་དང་། མི་དམངས་དངུལ་ཁང་གཞི་རིམ་དངུལ་ཁང་གིས་ཁྲིམས་ལྟར་འགན་ནུས་སྒྲུབ་པ་དང་ཚོང་ལས་དངུལ་ཁང་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་གཟུགས་བརྙན་ལེགས་སུ་བཏང་བ་རེད།

2014ལོ་ནི་བོད་ལྗོངས་མངའ་ཁུལ་མི་དམངས་དངུལ་ཁང་ཁོངས་གཏོགས་ཀྱི་དངུལ་རྩའི་འཛད་སྤྱོད་པའི་བློ་འདྲི་དང་ཞུ་གཏུག་ཁ་པར་ཨང་གྲངས་12363ཤར་གཏོང་གི་ལོ་ཞིག་ཡིན་ཞིང་། བོད་ནི་ལྷོ་ནུབ་ས་ཁུལ་དུ་ཁ་པར་ཨང་གྲངས་དེ་ཤར་གཏོང་བྱེད་མཁན་ཨང་དང་པོ་དང་རྒྱལ་ཡོངས་སུ་ཤར་གཏོང་བྱེད་མཁན་ཨང་དྲུག་པ་ཡིན་པའི་ཞིང་ཆེན(རང་སྐྱོང་ལྗོངས)རེད། མིག་སྔར་དངུལ་རྩའི་འཛད་སྤྱོད་པའི་ཞུ་གཏུག་བདག་སྤྲོད་དང་ཐག་གཅོད་ལས་དོན་གྱི་ལམ་སྲོལ་དང་མ་ལག་རགས་ཙམ་ཆགས་ཡོད། 2014ལོར་མི་དམངས་དངུལ་ཁང་བོད་ལྗོངས་མངའ་ཁུལ་སྒྲིག་གཞིས་ཁ་པར་ཨང་གྲངས་12363གྱི་དངུལ་རྩའི་འཛད་སྤྱོད་པའི་ཞུ་གཏུག་དང་བློ་འདྲི་ཁག་90བདག་སྤྲོད་བྱས་པ་དེའི་ནང་ཞུ་གཏུག་ཁག་58དང་བློ་འདྲི་ཁག་32ཡོད་ཅིང་། ཞུ་གཏུག་དང་བློ་འདྲི་སྒྲུབ་གཉེར་བྱེད་ཚད་100%ཟིན་པ་དང་ཁ་པར་ཐོག་ནས་བཅར་འདྲི་བྱས་པར་བློ་ཡིད་ཚིམ་ཚད་དང་གཞི་རྩའི་ཆ་ནས་བློ་ཡིད་ཚིམ་ཚད་100%ཟིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།