བོད་ཀྱི་བརྩམས་ཆོས་གལ་ཆེན་གཉིས་པར་སྐྲུན་བྱེད་ཉེར་ཡོད་པ།

མི་དམངས་ཉིན་རེའི་ཚགས་པར།

| 2015-03-19 10:44:48

ཉེ་ཆར་བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་ཁྱབ་ཁོངས་ལ་ཡང་བསྐྱར་འཕེལ་རྒྱས་གསར་པ་བྱུང་ཡོད་པ་རེད། 2012ལོར་སྒྲིག་འགོ་ཚུགས་པའི་ཡིག་འབྲུ་ཁྲི་50ཡི《ཀྲུང་གོའི་ས་ཁོངས་རིག་གནས་ཀུན་འདུས·བོད་ལྗོངས་ལེའུ》མཐའ་ཞུས་མ་ཟིན་ལ་ཉེ་ཆར་ཞིབ་དཔྱད་བྱས་པ་མ་ཟད། ད་དུང་མཐའ་ཞུས་རིགས་གཅིག་མཁས་ཅན་དག་གི་ཁས་ལེན་ཡང་ཐོབ་ནས་ཉིན་ཤས་གོང་དཔེ་ཚོགས་ཧྲིལ་པོ་དང་མཉམ་དུ་དངོས་སུ་པར་སྐྲུན་བྱས་པ་རེད། བརྩམས་ཆོས་གཞན་ཏེ《བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ལོ་རྒྱུས·རིག་རྩལ་ལོ་རྒྱུས》ལའང་མཐའ་མའི་ཞུ་དག་བྱེད་བཞིན་ཡོད་ཅིང་། སྔོན་དཔག་བྱས་ན་འདི་ལོའི་ལོ་སྟོད་དུ་དངོས་སུ་པར་སྐྲུན་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།