ལྷོ་ཁ་ས་ཁུལ་གྱི་ན་ནིང་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་76ལྷག་ཙམ་ཟིན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-03-17 10:59:11

2014ལོར་ལྷོ་ཁ་ས་ཁུལ་གྱི་སྤྱི་པའི་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་76.72ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་24.55%འཕར་ཡོད་ཅིང་། དེའི་ནང་དམངས་འཚོའི་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་37.48ཟིན་པ་དེས་ནོར་སྲིད་ཀྱི་སྤྱིའི་གཏོང་སྒོའི་བསྡུར་ཚད་ཀྱི་48.85%ཟིན་ནས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་དང་དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱས་པ་རེད།

ལོ་གཅིག་ནང་ལྷོ་ཁ་ས་ཁུལ་ནོར་སྲིད་སྡེ་ཚན་གྱིས་སྔ་ཕྱི་བར་གསུམ་དུ་ནོར་སྲིད་ཡོང་འབབ་བཀོད་སྒྲིག་བྱ་རྒྱུ་དེ་ནོར་སྲིད་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་བྱས་པ་དང་འགོ་ཁྲིད་དང་། མཐུན་སྦྱོར། ཞབས་ཞུ་བཅས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། རྒྱུ་ནོར་ཡོང་ཁུངས་སྐྱེད་སྲིང་། ཡོང་འབབ་བསྡུ་ལེན་དོ་དམ་ཐད་དམ་འཛིན་ནན་པོ། ནོར་སྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གཏོང་སྒོའི་གྲུབ་ཆ་ལེགས་གཏོང་། འབབ་འཕར་དང་གཏོང་མཁས་ལ་སྐུལ་གཏོང་བཅས་བྱས་ཏེ“འཕར་རྒྱུ་འགན་ལེན་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་འགན་ལེན་བཅས”སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མ་དངུལ་གྲབས་གསོག་ཧུར་ཐག་དང་བཀོད་གཏོང་འོས་འཚམ་བྱས་པར་རིགས་ཁག་གི་གཏོང་སྒོའི་དགོས་མཁོ་འགན་ལེན་ཐུབ་པ་རེད།

“འདི་ལོ་ང་ཚོས་མུ་མཐུད་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་ལེན་བསྟར་ཏེ་སྤྱི་ཁོག་སྙོམས་སྒྲིག་ཐད་སྔར་བས་ཤུགས་སྣོན་རྒྱག་པ་དང‘ཞིང་གསུམ’དང་། སློབ་གསོ། ཚན་རྩལ། རིག་གནས། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། ལས་ཞུགས། སྣོད་བཅུད་ཁོར་ཡུག རྨང་གཞིའི་སྒྲིག་བཀོད། གཞི་རིམ་རྨང་གཞི་སོགས་ཐད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་དམངས་འཚོ་ལེགས་སུ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན”ཞེས་ལྷོ་ཁ་ས་ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་མཚམས་གཅོད་ཀྱིས་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།