གཟའ་འཁོར་འདིའི་ནང་བོད་ལྗོངས་ཀྱི་ཤར་རྒྱུད་དང་བྱང་རྒྱུད་ས་ཁུལ་དུ་གངས་ཆར་འབབ་རྒྱུ་ཡིན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-03-17 10:55:48

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་3ཚེས་16ཉིན་ནས་ཟླ་3ཚེས་22ཉིན་བར)

གཟའ་ཟླ་བར་མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གངས་ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས(ཆར་པ)སིམ་སིམ་འབབ་རྒྱུ། གཟའ་ལྷག་པ་དང་ཕུར་བུར་ནག་ཆུ་ས་ཁུལ་དབུས་ཤར་རྒྱུད་དང་། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་ས་ཁུལ། ལྷོ་ཁ་ས་ཁུལ་ལྷོ་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་ནུབ་ཕྱོགས་ནས་ཤར་ཕྱོགས་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་8བར་ཆག་རྒྱུ། གཟའ་སྤེན་པ་དང་ཉི་མར་ནག་ཆུ་ས་ཁུལ་དབུས་ཤར་རྒྱུད་དང་། ཉིང་ཁྲི་ས་ཁུལ། ཆབ་མདོ་གྲོང་ཁྱེར་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་གཞིས་རྩེ་གྲོང་ཁྱེར་ལྷོ་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་8ཙམ་རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་དུ་ལྷགས་པ་རིམ་པ་4ནས་5བར་རྒྱག་རྒྱུ་རེད།

གཉིས། གྲོས་འགོ

1.མིག་སྔར་མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་ལྷོ་ནུབ་རྒྱུད་དུ་སྔར་བཞིན་གངས་གསོག་མངོན་གསལ་དོད་པོ་ཡོད་པ་དང་ལྷགས་པ་ཆེ་རུ་སོང་ནས་གངས་འཁྱེར་སླ་བས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་གནོད་འཚེ་ཐོན་སླ་བའི་ལམ་ཁར་འཁོར་རིགས་ཁ་འགྲེམས་དང་གཅུན་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་བྱ་རྒྱུ་ཡིན།

2.མཐོ་གྲང་འབྲོག་ཁུལ་དུ་ཕྱུགས་ཟོག་གི་གྲང་འགོག་དྲོད་སྲུང་ལས་དོན་ཡག་པོ་སྒྲུབ་པ་དང་འབྲེལ་ཡོད་སྡེ་ཚན་དང་ཚན་པས་རང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་ཀྱི་གནོད་འཚེ་ཕོག་ཚུལ་ལ་ལྟ་ཞིབ་དམ་ཟབ་བྱས་ནས་དུས་ཐོག་ཏུ་འཕྲལ་སྡོམ་གཟན་རྩྭ་འཐེན་སྤྱོད་བྱེད་པ་དང་ཁ་གཏད་གཅོག་ཐབས་དོན་འཁྱོལ་བྱས་ཏེ་གེགས་སྐྱོབ་གུད་སྐྱོབ་ལས་དོན་ཡག་པོ་སྒྲུབ་དགོས།

3.མིག་སྔར་རང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དུ་གངས་གསོག་ཐེབས་པ་དང་། གཟའ་མཇུག་ཏུ་དྲོད་ཚད་རིམ་བཞིན་འཕར་རྒྱུ་ཡིན་པས་རི་ལྡེབས་ཀྱི་གངས་བབས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྐོར་སྐྱོད་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གངས་རྡིབ་པ་སོགས་ཀྱི་ཞོར་ཐོན་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།