ཆབ་མདོ་གྲོང་ཁྱེར་གྱིས་མི་སྣ་འདེམས་སྤྱོད་ཀྱི་ལམ་སྲོལ་གསར་གཏོད་བྱས་པར་ཕན་འབྲས་ཐོན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-03-16 11:01:39

2014ལོར་ཆབ་མདོ་གྲོང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་མི་སྣ་འདེམས་སྤྱོད་ཀྱི་ལམ་སྲོལ་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། དེའི་ནང་ཞུགས་དབང་། གདམ་ག་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་དོན་འཁྱོལ་བྱས་ནས་ལས་བྱེད་པ་འདེམས་བསྐོ་ཁ་གསལ་དང་དམངས་གཙོ་ཅན་གྱི་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།

2014ལོར་ཆབ་མདོས་ཁག་གཉིས་པའི་རྫོང་རིམ་པའི་ཕུལ་བྱུང་ལས་བྱེད་པ་གདམ་གསེས་ཀྱི་ལས་དོན་སྤེལ་ནས་དེ་སྔའི་རྩ་འཛུགས་སྡེ་ཚན་ཁོ་ནས་ཐོག་མར་མིང་འདོན་བྱེད་པའི་ཐབས་ཤེས་ལ་འགྱུར་ལྡོག་བཏང་སྟེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འོས་སྦྱོར་བྱས་པ་བརྒྱུད་སྔ་རྗེས་སུ་རྫོང་རིམ་པའི་ཕུལ་བྱུང་རྫེས་གྲབས་ལས་བྱེད་པ་706བདམས་པ་དང་གྲོང་ཁྱེར་དེ་ཡོངས་སུ་ཁྱོན་ལས་བྱེད་ལས་བཟོ་16000ལྷག་ཙམ་དང་གཞི་རིམ་ཏང་རྩ་འཛུགས་879ཡིས་ལས་བྱེད་པ་འོས་སྦྱོར་གྱི་ལས་དོན་ནང་ཞུགས་ཡོད་པས“མི་མང་པོས་འདེམས་པ”དང“གནས་ཚུལ་ཤེས་རྟོགས་ཡོད་མཁན་གྱིས་འདེམས་པ”བྱེད་ཐུབ་པ་བྱུང་ཡོད། གྲོང་ཨུད་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་གི་ལས་གནས་སྟོང་པར་ལུས་པའི་གནས་ཚུལ་ལ་གཞིགས་ནས་སྒྲིག་གཞིའི་ཆེད་ལས་ཀྱི་དགོས་མཁོ་དང་དམིགས་བསལ་ལས་གནས་ཕུད་ལས་བྱེད་པ་དང་མང་ཚོགས་ཀྱིས་གདམ་གསེས་བྱས་པའི་ཕུལ་བྱུང་རྗེས་གྲབས་ལས་བྱེད་པའི་ཁྲོད་ནས་ལས་བྱེད་པ་འདེམས་སྤྱོད་མཐའ་གཅིག་ཏུ་བྱས་པ་དང་ལེགས་སྒྲིག་བྱས་པའི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པའི་ཁྲོད་ནས་ཕུལ་བྱུང་ལས་བྱེད་པ་གདམ་གསེས་བྱས་པ་དེས་71%ཟིན་པས་མང་ཚོགས་ཚང་མས་ཁས་ལེན་པའི་ལས་བྱེད་པར་ལས་གནས་ཡོད་པ་དངོས་འབྲེལ་བྱེད་ཐུབ་པ་བྱུང་ཡོད།

ཕྱོགས་མང་པོ་ནས་བསམ་འཆར་བསྡུ་ལེན་དང་མཐུན་སྦྱོར་དང་ཞིབ་བསྡུར་གཏིང་ཟབ་བྱས་པ་བརྒྱུད་ལས་གནས་ཚང་མ་དང་བློ་མཐུན་མི་རེ་ངོ་རེར་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་ཏེ་ལས་གནས་ཀྱི་འཚམ་ནུས་ལ་བསམ་གཞིག་གང་ལེགས་ཀྱིས་དགོས་མཁོ་ལྟར་བཀོད་སྒྲིག་བྱེད་པ་དང་ལས་གནས་ལ་གཞིགས་ནས་མི་འདེམས་ཐུབ་པ་ཧུར་ཐག་བྱས་ཏེ་འགོ་ཁྲིད་ལས་གནས་ཐོག་ཆེས་ཕུལ་བྱུང་དང་ཆེས་འཚམ་ཤོས་ཀྱི་ལས་བྱེད་པ་འདེམས་བསྐོ་བྱས་ཡོད། ལས་གནས་མང་པོའི་ཐོག་སྦྱོང་བརྡར་ཐེབས་པ་དང་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པའི་བློ་མཐུན་ལས་གནས་གཙོ་བོའི་ཐོག་བེད་སྤྱོད་ཡག་པོ་བྱས་ཡོད། གྲོང་ཨུད་ཀྱི་འགོ་ཁྲིད་དང་། ཁག་བགོས་དོ་དམ་གྱི་འགོ་ཁྲིད། ཏང་ཨུད(ཏང་ཙུའུ)ཀྱི་འགོ་ཁྲིད་གཙོ་བོ་སོགས་ཀྱིས་འོས་མི་ཚང་མར་བཏོན་པའི་བསམ་འཆར་བསྡུ་རུབ་གང་ལེགས་བྱས་ནས་ཕྱོགས་ཁག་ཀྱི་བསམ་འཆར་ཕྱོགས་སྡོམ་ལེགས་སྒྲིག་དང་ཞིབ་འཇུག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་སླར་ཡང་ཐོག་མའི་མི་དོན་བཀོད་སྒྲིག་བྱ་ཐབས་བཏོན་ཡོད། ལས་གནས་ཚང་མ་དང་། འོས་མི་མི་རེ་ངོ་རེ། གོ་རིམ་ཧྲིལ་པོ་བཅས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ཐོག་ཁྱབ་པ་བྱས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་མི་སྣ་འདེམས་སྤྱོད་ཀྱི་དམངས་གཙོ་ཅན་དང་། ཚན་རིག་དང་མཐུན་པ། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།

ལས་བྱེད་པར་རྟོག་ཞིབ་བྱེད་སྐབས་རྟོག་ཞིབ་བྱ་ཡུལ་ཚན་པར་སྔ་སྣུར་ནས་རྟོག་ཞིབ་སྔོན་བརྡ་བཏང་སྟེ་གོ་གནས་སྤོར་རྩིས་ཡོད་པའི་མི་སྣ་བྱ་ཐབས་སྣ་ཚོགས་བརྒྱུད་ལས་འགན་མ་འཁུར་གོང་སྤྱི་ཚོགས་ཐོག་སྤྱི་བསྒྲགས་བཏང་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་མ་ཟད། གོང་རིམ་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་སྔ་རྗེས་སུ་གྲོང་ཁྱེར་དེ་ཡོངས་སུ་མི་སྣ་འདེམས་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་ལས་དོན་ཐེངས་3སྤེལ་བ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།