བོད་ལྗོངས་ཀྱིས《བོད་ཀྱི་སྤྱི་དམངས་ཀྱི་འཕྲལ་སྡོམ་ཤེས་བྱའི་ལག་དེབ》སྤྲད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-26 10:20:58

རང་ལྗོངས་ནི་གནོད་འཚེ་སྣ་ཚོགས་ཐོན་མང་བ་དང་ཐོན་སླ་བའི་ས་ཁུལ་ཞིག་ཡིན་པས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་གནོད་འཚེ་སྣ་ཚོགས་དོགས་ཟོན་དང་འགོག་པའི་རང་སྐྱོབ་སྐྱོབ་རེས་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་ཆེད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་འཕྲལ་སྡོམ་གཞུང་ལས་ཁང་གིས་རྩོམ་སྒྲིག་སྒྲིག་བཟོ་བྱས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་གཞི《བོད་ཀྱི་སྤྱི་དམངས་ཀྱི་འཕྲལ་སྡོམ་ཤེས་བྱའི་ལག་དེབ》ཞེས་པ་དེ་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་གྱི་ལས་བྱེད་ལས་བཟོ་དང་། གཞི་རིམ་གྱི་ཞིང་འབྲོག་མང་ཚོགས། རྒྱ་ཆེའི་སློབ་མ་བཅས་ཀྱི་ལག་ཏུ་རིམ་པས་སྤྲོད་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 《བོད་ཀྱི་སྤྱི་དམངས་ཀྱི་འཕྲལ་སྡོམ་ཤེས་བྱའི་ལག་དེབ》རྩོམ་སྒྲིག་དཔེ་སྐྲུན་ལས་དོན་ལ་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱི་ཚད་མཐོའི་མཐོང་ཆེན་ཐོབ་ཡོད། མང་ཚོགས་དང་དོན་དངོས་དང་སྔར་བས་ཉེ་བཅར་བྱ་ཆེད《བོད་ཀྱི་སྤྱི་དམངས་ཀྱི་འཕྲལ་སྡོམ་ཤེས་བྱའི་ལག་དེབ》དེ་གོ་བདེ་ལ་ཤེས་སླ་བའི་བོད་རྒྱ་ཡིག་རིགས་གཉིས་དང་པར་རིས་མཉམ་བཀོད་བྱས་ནས་རང་བྱུང་གི་གནད་འཚེ་དང་། ལས་འཛོལ་གྱི་གནོད་འཚེ། སྤྱི་པའི་འཕྲོད་བསྟེན། སྤྱི་ཚོགས་བདེ་འཇགས་སོགས་གནོད་འཚེ་སྣ་ཚོགས་ཀྱི་ཁྱད་ཆོས་དང་དེ་བཞིན་མྱུར་སྐྱོབ་དང་རང་སྐྱོབ་ཀྱི་འཕྲལ་སྡོམ་རྒྱུན་ཤེས་ངོ་སྤྲོད་བྱས་པ་དང་ཁྱབ་གདལ་བཏང་ཡོད་པ་རེད།

རང་སྐྱོང་ལྗོངས་སྲིད་གཞུང་འཕྲལ་སྡོམ་གཞུང་ལས་ཁང་གི་ཁྲུའུ་ཀྲང་གཞོན་པ་མིག་དམར་གྱིས་ལག་དེབ་ནང་རང་ལྗོངས་སུ་རྒྱུན་མཐོང་དང་ཐོན་སྲིད་པའི་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་ལ་དམིགས་ནས་འཕྲལ་སྡོམ་གྱི་གཙོ་གནད་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ལག་དེབ་ནང་གི་ཤེས་བྱ་ཡག་པོ་སྦྱོང་བ་དང་ཡག་པོ་སྤྱད་དེ་རང་སྐྱོབ་དང་སྐྱོབ་རེས་ཀྱི་ནུས་པ་དང་འགོག་སྲུང་གི་རྩལ་ནུས་ཆེ་རུ་བཏང་ནས་སྤྱི་པའི་དོན་རྐྱེན་དང་དེ་བཞིན་དེ་ལས་བྱུང་བའི་གྱོང་གུན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྔོན་འགོག་དང་ཉུང་དུ་གཏོང་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་ཉིད་ཀྱི་བདེ་འཇགས་འགན་ལེན་བྱེད་པ་དང་ཁྱིམ་ཚང་གི་བདེ་སྐྱིད་འགན་ལེན་བྱེད་རྒྱུའི་རེ་བ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།