རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་གནང་སྐབས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-26 10:19:27

ཟླ་1ཚེས་22ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི་ཚོགས་འདུ་འཚོགས་ཏེ་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་གནང་སྐབས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ལྗོངས་ཡོངས་ཀྱི་ལས་བྱེད་པའི་དཔུང་ཁག་དང་ལྷག་པར་དུ་རྫོང་ཨུད་ཀྱི་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཞིབ་འཇུག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བཞུགས་མོལ་ཚོགས་འདུར་ཞུགས་མཁན་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་ཨུད་ཀྱི་ཧྲུའུ་ཅི་རྣམ་འཕེལ་གྱིས་ཞུས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པའི་སྐོར་གྱི་སྙན་ཞུ་གསན་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་དུས་ཐེངས་དང་པོའི་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་དང་གསུང་བཤད་གལ་ཆེན་གནང་བ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྫོང་རིམ་པའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ལུགས་དང་། སྤྱི་ཁྱབ་ཧྲུའུ་ཅིས་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྒྱ་ཆེའི་གཞི་རིམ་ལས་བྱེད་པར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པས་བསམ་བློའི་རང་བཞིན་དང་། ཆབ་སྲིད་ཀྱི་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཏེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་འགོ་ཁྲིད་ལས་བྱེད་པའི་དཔུང་ཁག་དང་ལྷག་པར་དུ་རྫོང་ཨུད་ཀྱི་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་བསྲུང་བྱ་མཁོ་འདོན་བྱས་ཡོད་པ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ནང་ལག་བསྟར་དངོས་འབྲེལ་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། བོད་ཀྱི་དམིགས་བསལ་གནས་ཚུལ་གྱིས་བོད་ཀྱི་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ཕྲག་ཐོག་གི་འགན་འཁྲི་སྔར་བས་ལྕི་བ་དང་ལས་འགན་སྔར་བས་ཆེ་བ་འཁུར་དགོས་པའི་གཏན་འཁེལ་བ་་དང་དུས་མཚུངས་རྫོང་ཨུད་ཀྱི་ཧྲུའུ་ཅིར་ཚད་གཞི་དང་བླང་བྱ་སྔར་བས་མཐོ་བ་བཏོན་ཡོད་པ་རེད།

ལྗོངས་ཡོངས་ཀྱི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ནན་པོ་དང་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི“ཡོད་པ་བཞིའི”བླང་བྱ་ལག་བསྟར་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ་དང་། དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་དང་ཡང་དག་པའི་སྲིད་རྗེས་ཀྱི་ལྟ་བ་བཙུགས་ཏེ་མང་ཚོགས་དང་སེམས་པ་གཅིག་ཏུ་སྦྲེལ་བ་དང་དམངས་ལ་བདེ་སྐྱིད་བསྐྲུན་པ། འགན་འཁྲི་འཁུར་བའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཆེན་པོའི་ཐོག་ནས་འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཉེན་ཁ་ལས་སྒྲོལ་བ་དང་དཀའ་གནད་ལས་སྒྲོལ་མཁན་གྱི་སྲོག་ཤིང་དུ་འགྱུར་བ་བྱེད་པ། ཏང་དང་མི་དམངས་ཀྱིས་གནང་བའི་དབང་ཆ་ཡང་དག་པའི་ངང་སྤྱད་དེ་དབང་ཆའི་འགག་སྒོ་དང་། དངུལ་གྱི་འགག་སྒོ མཛེས་མའི་འགག་སྒོ་བཅས་ཡག་པོ་བསྲུངས་ཏེ་མི་སྤྱོད་གཙང་ཞིག་དང་། བྱ་བ་འཕྱུགས་པ་མེད་པར་སྒྲུབ་པ། ལྷག་བསམ་རྣམ་དག་གི་དཔོན་ཞིག་བཅས་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། རང་སྐྱོང་ལྗོངས་དང་ས་ཁུལ(གྲོང་ཁྱེར)ཏང་ཨུད་དང་ལྷག་པར་དུ་རྩ་འཛུགས་སྡེ་ཚན་གྱིས་རྫོང་ཨུད་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ནས་ཅའོ་ཡུས་ལུའུ་ལྟ་བུའི་མཐའ་མཚམས་སྐྱོང་བར་བོད་བརྟན་ལྷིང་ཡོང་བར་བྱེད་མཁན་གྱི་བྱང་ཚད་མཐོ་བའི་རྫོང་ཨུད་ཀྱི་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་ཏང་གིས་བོད་ལ་སྲིད་སྐྱོང་བའི་གནས་བབ་བརྟན་དུ་གཏོང་བ་དང་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས། རྫོང་རིམ་པས་རང་རེའི་ཏང་གི་རྩ་འཛུགས་ཀྱི་གྲུབ་ཆ་དང་རྒྱལ་ཁབ་ཀྱི་སྲིད་དབང་གྲུབ་ཆའི་ཁྲོད་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ནུས་པ་འདོན་བཞིན་ཡོད་པར་མཐོང་ཧ་ཅང་ཆེན་པོ་དང་ངོས་འཛིན་གཏིང་ཟབ་བྱས་ཏེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གསོ་སྐྱོང་དང་གདམ་གསེས་བཀོལ་སྤྱོད་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་གི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ་དམ་འཛིན་ནན་པོ་དང་ཡག་པོ་བྱེད་དགོས། ཚན་རིག་དང་མཐུན་པའི་གསོ་སྐྱོང་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཡུན་རིང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དངོས་འབྲེལ་སློབ་སྦྱོང་དང་ཤེས་རྟོགས་ཐུབ་པ་དང་། དངོས་འབྲེལ་ཡིད་ཆེས་དང་བེད་སྤྱོད་བྱས་ཏེ་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་ལས་ཀར་སྐུལ་འདེད་གཏོང་དགོས། ཏང་གཤིས་སྦྱོང་བརྡར་ལ་སྣང་ཆེན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། ལག་ལེན་གྱི་སྦྱོང་བརྡར་ལ་སྣང་ཆེན་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ལས་བྱེད་པར་ཚོད་བགམ་བྱེད་པའི་འཐབ་སར་བརྩི་བ་དང་། གངས་ལྗོངས་ས་མཐོའི་ཡངས་ཤིང་རྒྱ་ཆེ་བའི་གནམ་ས་དེ་ལས་བྱེད་པར་སྦྱོང་བརྡར་བྱེད་པའི་བཞུ་ཐབ་དང་སློབ་ཁང་དུ་བརྩིས་ཏེ་སྙིང་སྟོབས་ཞུན་བརྡར་དང་། གཤིས་རྒྱུད་སྦྱོང་བརྡར། སྤྱོད་ཚུལ་ཞུན་བརྡར། འཇོན་ཐང་ཆེར་གཏོང་བཅས་བྱེད་དགོས། གདམ་གསེས་ནན་ཏན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་ལས་བྱེད་པ་ཡག་པོའི་ཚད་གཞི་དོན་འཁྱོལ་ནན་ཏན་དང་། “དམ་ནན་གསུམ་དང་དྲང་ནན་གསུམ”གྱི་བླང་བྱ་དོན་འཁྱོལ། 《ལས་བྱེད་པ་བསྐོ་སྤྱོད་ཀྱི་སྲོལ་ཡིག》དོན་འཁྱོལ་བཅས་བྱས་ནས་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པ་རྩ་དོན་མཐའ་འཁྱོངས་དང་ཕྱོགས་བཞི་མཚམས་བརྒྱད་དང་། འཇོན་ཐང་ཅན་བསྐོ་སྤྱོད། སྤྱོད་ཡོན་གཉིས་ལྡན། ཀུན་སྤྱོད་གོང་བཀུར་བཅས་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་འགག་སྒོ་དང་། བྱས་འབྲས་ཀྱི་ལྟ་བ། སྤྱོད་གཙང་གི་ལྟ་བ། དམངས་འདོད་ཀྱི་ལྟ་བ། གོ་རིམ་གྱི་འགག་སྒོ་བཅས་ནན་སྲུང་བྱས་ཏེ་བྱང་ཚད་མཐོ་བའི་ལས་བྱེད་པ་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ལས་གནས་ཐོག་གདམ་གསེས་བྱེད་དགོས། ནུས་པ་འདོན་སྤེལ་གྱིས་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ལས་གནས་སུ་ལས་ཀ་བྱེད་མཁན་བློ་མཐུན་ལ་སེམས་ཁུར་དང་ཡིད་ཆེས་ཆེན་པོ་བྱེད་པ་དང་། ཁོ་ཚོས་ལས་འགན་གཙང་སྒྲུབ་དང་བློ་ཁོག་ཆེན་པོས་ལས་ཀ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་རང་འགན་ཡོད་པ་དང་། རང་འགན་འཁུར་བ། རང་འགན་གཙང་སྒྲུབ་བཅས་བྱེད་ཐུབ་པ་བྱས་ནས་གང་དུ་དཔོན་པོ་བྱས་པ་ན་དེ་གར་བདེ་བ་བསྐྲུན་རྒྱུར་བརྩོན་ཏེ་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཟིན་པའི་རླབས་ཆེན་མེས་རྒྱལ་གྱི་མཐའ་མཚམས་ཡངས་པོ་བརྟན་སྲུང་ཡག་པོ་དང་། གོང་འཕེལ་ཡག་པོ། འཛུགས་སྐྲུན་ཡག་པོ་བཅས་བྱེད་དགོས། དོ་དམ་ནན་པོ་བྱས་ཏེ་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། ལམ་ལུགས་ཀྱི་གཅུན་སྡོམ་ནན་པོ་བཅས་བྱས་ནས་རྫོང་ཨུད་ཀྱི་ཧྲུའུ་ཅིས་སྣེ་ཁྲིད་དེ་ཁྲིམས་སྦྱོང་ཁྲིམས་བརྩི་ཁྲིམས་སྲུང་ཁྲིམས་སྤྱོད་བྱེད་པ་དང་། ཏང་གི་ཆབ་སྲིད་སྒྲིག་ལམ་དང་། རྩ་འཛུགས་ཀྱི་སྒྲིག་ལམ། ནོར་དཔལ་གྱི་སྒྲིག་ལམ། ལས་ཀའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་ནན་སྲུང་བྱེད་པ། ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་། དྲང་གཞག་གིས་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་མཐའ་འཁྱོངས་ཀྱིས་མཚམས་ཐིག་ལ་མི་རེག་པ་དང་དམར་ཐིག་ལས་མི་བརྒལ་བའི་ངང་ཐོག་མཐའ་བར་གསུམ་དུ་དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་བྱེད་ཐུབ་པ་བྱེད་དགོས། སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་བོད་དེ་ཉིད་ས་བབ་མཐོ་ལ་གནམ་གཤིས་གྲང་བ་དང་། གསོ་རླུང་དཀོན་པ། ཆ་རྐྱེན་དཀའ་ཚེགས་ཆེ་བ། ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་གཡུལ་ས་གཙོ་བོར་གནས་ཡོད་པས་རྫོང་ཨུད་ཀྱི་ཧྲུའུ་ཅིར་འགན་འཁྲི་ལྕི་བ་དང་གནོན་ཤུགས་ལྕི་པོ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དངོས་འབྲེལ་ཁོ་ཚོའི་ལུས་སེམས་བདེ་ཐང་དང་འཚར་ལོངས་ཡར་ཐོན་ལ་སེམས་ཁུར་བྱས་ཏེ་ཁོ་ཚོར་ནུས་པ་སྔར་བས་ཆེ་བ་འདོན་ཆེད་མཐུན་རྐྱེན་བསྐྲུན་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།