ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་དུས་བདེའི་ཚན་པ་གཏོད་འཛུགས་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-15 09:56:10

ཉེ་ཆར་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ལྗོངས(ཀྲུང་དབྱང)ཐད་གཏོགས་ལས་ཁུངས་ཀྱི“དུས་བདེའི་ཚན་པ”གཏོད་འཛུགས་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་དང“དུས་བདེའི་ཚན་པ”གཏོད་འཛུགས་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་དང་དེ་བཞིན“དུས་བདེའི་ཀྲུང་གོ”དང“དུས་བདེའི་བོད་ལྗོངས”སྐྲུན་པའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ནས་བོད་ལྗོངས་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་འགན་ལེན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་རིམ་པའི“དུས་བདེའི་ཚན་པ”གཏོད་འཛུགས་ལས་དོན་སྤེལ་ནས་ལོ་གཉིས་ལྷག་ཙམ་རིང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་གིས་དང་ལེན་ཧུར་ཐག་ཞུས་པ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། མིག་སྔའི་བར་ཚན་པ་31ལ་རང་སྐྱོང་ལྗོངས་རིམ་པའི“དུས་བདེའི་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ་སྟེ་མིག་དཔེའི་ནུས་པ་གང་ལེགས་བཏོན་ནས་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱས་པ་རེད། གོམ་སྟབས་རྗེས་མར་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་གིས་ངོས་འཛིན་ཟབ་ཏུ་བཏང་ནས་སློབ་སྦྱོང་སློབ་གསོ་དང་། རྨང་གཞིའི་ལས་དོན། འབྲེལ་གཏུག་མཐུན་སྦྱོར། དྲིལ་བསྒྲགས་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་པར་བརྟེན་ནས་གཏོད་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ“དུས་བདེའི་ཚན་པ”གཏོད་འཛུགས་ལས་དོན་ལ་དངོས་ཕན་ཐོབ་རྒྱུར་འགན་ལེན་བྱས་ནས་ལྗོངས་ཡོངས་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྒྱབ་སྐྱོར་བྱ་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།