ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2015ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-15 09:55:17

ཟླ་1ཚེས་13ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2015ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཏེ་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2014ལོའི་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ཕྱོགས་སྡོམ་བྱས་པ། 2015ལོའི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་པད་མ་འཕྲིན་ལས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

པད་མ་འཕྲིན་ལས་ཀྱིས་2014ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་པ་དང་། སྡེ་ཚན་ཁག ལྷག་པར་དུ་ཞིང་ཁུངས་སྡེ་ཚན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ། ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ལས་དང་གྲོང་གསེབ་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པའི་ཁར“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གལ་ཆེའི་ནང་གི་འགངས་ཆེན་ཐོག་བཞག་སྟེ་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བརྒྱབ་པ། ཞིང་འབྲོག་ཁུལ་གྱི་དམངས་འཚོ་ལེགས་སུ་གཏོང་རྒྱུར་ཤུགས་བརྒྱབ་པ་བཅས་བྱས་པས་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་བསྟན་གནང་བ་རེད།

པད་མ་འཕྲིན་ལས་ཀྱིས་ཡུན་རིང་མ་སོང་གོང་འཚོགས་པའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་བཏང་སྟེ་རང་ལྗོངས་ཀྱི་གནས་ཚུལ་དང“ཞིང་གསུམ”གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རྒྱལ་ཡོངས་ཀྱི་ཞིང་ལས་དེང་རབས་ཅན་གྱི་རྒྱབ་ལྗོངས་ཆེན་པོའི་འོག་གི་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་བླང་བྱ་གསར་པ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས་པ་དང་། རྒྱུན་རྣམ་གསར་པའི་འོག་གི“ཞིང་གསུམ”གྱི་འགྱུར་ལྡོག་གསར་པ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། དུས་སྐབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱི་རེ་སྒུག་གསར་པ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། དུས་སྐབས་གསར་པའི་ཞིང་འབྲོག་པའི་འབབ་འཕར་གྱི་ཁྱད་ཆོས་གསར་པ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། དེ་དང་དུས་མཚུངས་སྙིང་སྟོབས་ཆེར་སྐྱེད་དང་། གསར་འབྱེད་གསར་གཏོད། ཡིད་ཆེས་བརྟན་གཏོང་། བབ་བསྟུན་མདུན་སྐྱོད་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།

པད་མ་འཕྲིན་ལས་ཀྱིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་སྒྱུར་བཅོས་ལ་འཕེལ་རྒྱས་ངོ་མ་ཡོང་བ་བྱེད་པ། ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱ་དགོས་པའི་ལས་འགན་ཨང་དང་པོ་དེར་དམ་འཛིན་ནན་པོ་བྱེད་པ་ལས་ལྷོད་གཡེང་སྤུ་ཙམ་མི་གཏོང་བ། ཞིང་འབྲོག་ལས་ཐོན་སྐྱེད་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། དུས་སྐབས་གསར་པའི་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ལེགས་པར་རྒྱག་པ། སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ། གྲོང་གསེབ་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་འགོད་པ། འགག་སྒྲོལ་དཀའ་སེལ་དང་། གསར་འབྱེད་ཡར་བརྩོན། དངོས་འཛིན་དངོས་སྒྲུབ་ཀྱི་སྒོ་ནས“ལོ་ལྔ་ཚན་བཅུ་གཉིས་པའི”དམིགས་ཚད་ལས་འགན་ཁག་ལེགས་པར་སྒྲུབ་པ་བཅས་ཀྱི་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་གོམ་སྟབས་སྤོ་མགྱོགས་སུ་གཏོང་ཕྱིར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།