རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་25པ་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-15 09:54:26

ཟླ་1ཚེས་13ཉིན་གྱི་ཕྱི་དྲོ་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ཉེར་ལྔ་པ་འཚོགས་ཏེ་མི་དོན་ལས་དོན་དང་། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན། གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྙན་སྒྲོན་གྱི་སྙན་ཞུ་བ་ལེགས་སྒྲིག་བྱ་རྒྱུའི་གྲོས་འགོའི་མིང་ཐོ། སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཨུ་ཡོན་གྱི་ཚོགས་ཆེན་གཏམ་བཤད་བཅས་འབྲེལ་ཡོད་ལས་དོན་ལ་གྲོས་ཞིབ་བྱས་པ་རེད།

ཚོགས་འདུའི་ཐོག་བློ་མཐུན་4སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་འཐེན་རྒྱུའི་མོས་མཐུན་དང་། བློ་མཐུན་10སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་གསབ་སྣོན་བྱ་རྒྱུའི་གྲོས་འགོ་ལ་མོས་མཐུན། ཨུ་ཡོན་གསབ་སྣོན་བྱ་རྒྱུའི་གྲོས་འགོའི་མིང་ཐོ་དེ་སྲིད་གྲོས་ཀྱི་སྒྲིག་ཡིག་བཞིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་གྲོས་འཆམ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བཅས་བྱུང་བ་རེད།

ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྙན་སྒྲོན་གྱི་སྙན་ཞུ་བ་ལེགས་སྒྲིག་བྱ་རྒྱུའི་གྲོས་འགོར་མོས་མཐུན་བྱུང་བ་དང་འབྲེལ་མིང་ཐོ་དེ་སྲིད་གྲོས་རྒྱུན་ཨུད་ལ་བརྡ་ཁྱབ་གཏོང་རྒྱུའི་བླང་བྱ་ཡང་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།