བོད་ལྗོངས་ཀྱིས་ཁེ་ལས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོར་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-03 12:24:36

2015ལོའི“དུས་ཆེན་གསུམ”འཆར་ཉེར་ཡོད་པའི་སྐབས་དེར་རང་ལྗོངས་ཀྱིས་ལོ་བདུན་བསྟུད་མར་ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལ་སྤྲོད་གཅིག་མའི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་པ་དེ་ཁྱོན་མི་གྲངས་37862ལ་ཕན་པ་ཐོབ་པ་དང་མི་རེར་ཁ་གསབ་རོགས་དངུལ་སྒོར་900སྤྲད་ཡོད་པ་ཚང་མ་རྩིས་སྒྱུར་རྣམ་པའི་ཐོག་ནས་དངུལ་ཁང་གཱ་རྒྱུད་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལག་ཏུ་སྤྲད་པ་རེད།


རང་སྐྱོང་ལྗོངས་སྤྱི་ཚོགས་འགན་བཅོལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ལྗོངས་ཡོངས་ཀྱིས་ཁེ་ལས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལ་སྤྲོད་གཅིག་མའི་འཚོ་བའི་ཁ་གསབ་རོགས་དངུལ་ཁྱོན་སྒོར་ཁྲི་3407.58སྤྲད་པ་དེའི་ནང་ལྗོངས་རིམ་པའི་མི་གྲངས་15454དང་། ས་ཁུལ(གྲོང་ཁྱེར)ཁག་གི་མི་གྲངས་15922 ལྗོངས་ཕྱིར་བཀོད་སྒྲིག་བྱས་པའི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་གྲངས་6486བཅས་ཚུད་ཡོད་པས་ཁ་གསབ་རོགས་དངུལ་ཚང་མ་ན་ནིང་གི་ཟླ་12ཚེས་26ཉིན་སྤྲད་ཟིན་པ་རེད། 


གཞན་ཡང་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་བསྡུ་ལེན་བྱས་པའི་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ་རང་ལྗོངས་ཀྱི“དུས་ཆེན་གསུམ”གྱི་སྤྲོད་གཅིག་མའི་འཚོ་བའི་ཁ་གསབ་རོགས་དངུལ་དེ་“དམངས་ཕན་ཟོག་ཉོའི་གཱ”ཡི་རྣམ་པའི་ཐོག་ནས་སྤྲོད་རྒྱུ་མིན་པར་ཚང་མ་རྩིས་སྒྱུར་རྣམ་པའི་ཐོག་ནས་དངུལ་ཁང་གཱ་བརྒྱུད་ཁ་གསབ་སྤྲོད་ཡུལ་གྱི་ལག་ཏུ་སྤྲད་ནས་དུས་ཐོག་ཏུ་སྤྲད་པ་དང་བསྐྱར་ཟློས་དང་ཆད་ལུས་མེད་པ་བྱུང་ཡོད་པས་དེ་ནི་དངོས་འབྲེལ་དམངས་སེམས་འདུ་འགོད་དང་ཕན་སྦྱར་འདུ་འགོད་དུ་གྱུར་ནས་ཡོང་འབབ་དམའ་བའི་མང་ཚོགས་རྣམས་བདེ་སྐྱིད་ལྡན་པའི་ངང་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་གཏོང་ཐུབ་རྒྱུའི་འགན་ལེན་བྱུང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་ཀྱི་ཡོང་འབབ་དམའ་བའི་མང་ཚོགས་ལ་འཛིན་པའི་དམིགས་གསལ་ཐུགས་ཁུར་གང་ལེགས་མངོན་ཡོད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།