གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་།ཏང་ཡོན་རྒན་གྲས།ལས་བྱེད་པ་རྒན་གྲས་བཅས་ལ་གཟིགས་པ་དང་འཚམས་འདྲི་ཞུ་རྒྱུའི་བཀོད་སྒྲིག་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-29 10:22:53

ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས་ཉེ་ཆར་བརྡ་ཐོ་བཏང་ནས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་གཟིགས་པ་དང་འཚམས་འདྲི་ཞུ་རྒྱུའི་བྱེད་སྒོ་བཀོད་སྒྲིག་བྱས་པ་རེད།

བརྡ་ཐོའི་ནང་ཏང་ཡོན་ལ་ཐུགས་ཁུར་བྱམས་སྐྱོང་བྱེད་པ་དང་ལྷག་པར་དུ་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་དོ་ཁུར་རོགས་སྐྱོར་བྱེད་པ་ནི་རང་རེའི་ཏང་གི་སྲོལ་རྒྱུན་ཡག་པོ་ཞིག་ཡིན་ལ་རིམ་ཁག་ཏང་རྩ་འཛུགས་ཀྱི་འགན་འཁྲི་གཙོ་བོ་ཞིག་ཀྱང་ཡིན།

བརྡ་ཐོའི་ནང་འགོ་ཁྲིད་ཀྱིས་སྣེ་ཁྲིད་རྒྱུ་དང་རིམ་པ་བགོས་ནས་འགན་འཁུར་རྒྱུ་མཐའ་འཁྱོངས་ཀྱིས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་རྒྱ་ཁྱབ་ངང་འཚམས་འདྲི་ཞུ་དགོས། གཞི་གྲངས་དང་གནས་ཚུལ་དངོས་ཤེས་རྟོགས་བྱས་ནས་དུད་ཚང་དང་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས། གཟིགས་པ་དང་འཚམས་འདྲི་བྱ་ཡུལ་ལ་དོ་ཁུར་དང་ལྷག་པར་དུ་གནོད་འཚེ་ཕོག་ཁུལ་དང་། ས་ཁུལ་དབུལ་པོ། དཀའ་ངལ་ཡོད་པའི་ཚན་པ་བཅས་ཀྱི་ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ལ་རོགས་རམ་ཧུར་ཐག་བྱས་ནས་ཁོང་ཚོའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་ཞུས་ནས་དོ་དམ་བྱས་པའི་ཏང་དངུལ་ཁྲོད་ནས་འཚམས་འདྲིའི་མ་དངུལ་བཀོད་སྒྲིག་བྱས་ནས་ཉེ་ཆར་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་དང་འབྲེལ་ཡོད་སྡེ་ཚན(ཁོངས་གཏོགས)གྱི་ཏང་ཨུད(ལས་དོན་ཨུ་ཡོན་ལྷན་ཁང)རྩ་འཛུགས་པུའུ་ཁག་ལ་སྤྲོད་རྒྱུ་ཡིན་པས་ས་ཁུལ་ཁག་དང་སྡེ་ཚན(ཁོངས་གཏོགས)ཁག་གིས་ལྷན་སྦྱར་མ་དངུལ་མགྱོགས་མྱུར་བཀོད་སྒྲིག་གིས་དཔྱིད་གསར་དུས་ཆེན་གོང་དུ་འཚམས་འདྲི་བྱ་ཡུལ་ལ་སྤྲད་དེ་ཆེད་དངུལ་ཆེད་སྤྱོད་དང་སྤྱད་པར་གྲུབ་འབྲས་ཐོབ་རྒྱུའི་འགན་ལེན་བྱེད་དགོས། གཟིགས་པ་དང་འཚམས་འདྲི་ཞུ་བར་གཞི་རིམ་དང་དུད་ཚང་དུ་བསྐྱོད་དགོས་པ་མ་ཟད། ད་དུང་དངོས་ཡོད་དང་ཟུང་འབྲེལ་ཐོག་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཀྱིས“མི་གཅིག་ལ་འཚམས་འདྲི་ཞུས། དུད་ཚང་གཅིག་ལ་དྲོ་སྐྱིད་སྦྱིན་པ་དང་། ཁུལ་གཅིག་ལ་སྐུལ་འདེད་ཐུབ་པ”བཅས་ཀྱི་ཚོགས་ཕན་འབྲས་ཐོབ་ཐབས་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག་ཉེ་བའི་ལོ་ཤས་ནང་བཏོན་པའི་ལས་བྲལ་ངལ་གསོ་བརྒྱབ་མཁན་གྱི་ཐོབ་ཐང་ཐག་གཅོད་བྱེད་པ་དང་། ལས་བྲལ་ངལ་གསོ་བརྒྱབ་མཁན་ལས་བྱེད་པ་ཁག་ཅིག་གི་སྨན་བཅོས་ཐོབ་ཐང་དང་དེ་བཞིན་ནད་སྐྱོང་གྲོན་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་བ། ལས་བྲལ་ངལ་གསོ་བརྒྱབ་མཁན་ལས་བྱེད་པའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་དང་སྤྲོད་ཁོངས་ཆེ་རུ་གཏོང་བ་སོགས་སྐོར་གྱི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས་ནས་གལ་སྲིད་གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། དམངས་སྲིད་དང་ནོར་སྲིད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་2014ལོའི་ཟླ་10ནས་12བར་ཁ་གསབ་བྱས་པའི་འཚོ་བའི་ཁ་གསབ་དང་2015ལོའི་ཟླ་1ནས་6བར་གྱི་འཚོ་བའི་ཁ་གསབ་ཚང་མ་དཔྱིད་གསར་དུས་ཆེན་གོང་དུ་ཆ་རྐྱེན་ཚང་བའི་ཏང་ཡོན་རྒན་གྲས་ཚང་མར་སྤྲོད་ཐུབ་པ་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།