བོད་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས“དགོན་སྡེར་ཚན་རྩལ་ཁྱབ་གདལ”གྱི་བྱེད་སྒོ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-29 10:21:15

ཚན་རིག་ལག་རྩལ་ཁྱབ་གདལ་གྱི་ལས་དོན་ལ་ཤུགས་སྣོན་དང་སྤྱི་དམངས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་གོང་མཐོར་གཏོང་ཆེད་ཉེ་དུས་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་ལྷོ་ཁ་དང་གཞིས་རྩེ་ས་ཁུལ་གྱི་ཚན་རྩལ་དང་། འཕྲོད་བསྟེན། མེ་ཟོན་རུ་ཆེན་སོགས་ཚན་པ་དང་མཉམ་དུ་བསམ་སྡིངས་དགོན་དང་ས་སྐྱ་དགོན་དུ་བསྐྱོད་དེ“དགོན་སྡེར་ཚན་རྩལ་ཁྱབ་གདལ”གྱི་བྱེད་སྒོ་ཐེངས་གཉིས་སྤེལ་བ་རེད།

ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་བསམ་སྡིངས་དགོན་དུ་ཚན་རྩལ་ཁྱབ་གདལ་གྱི་དང་བླངས་པས་བསམ་སྡིངས་དགོན་གྱི་དགེ་འདུན་པ་དང་དེ་བཞིན་མཐའ་འཁོར་མང་ཚོགས་ལ་ར་གསོ་ཚགས་བྱ་ཐབས་དང་། ས་མཐོའི་སྔོ་ཚལ་འདེབས་འཛུགས་བྱེད་སྟངས། སྒོ་ཕྱུགས་ཀྱི་ནད་ཡམས་ཆེ་གྲས་འགོག་བཅོས་སོགས་ཐད་ཀྱི་ཚན་རྩལ་ཁྱབ་གདལ་གྱི་ཤེས་བྱའི་དཔེ་དེབ་སྤྲད་པ་དང་། རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་རིགས་གཅིག་མཁས་ཅན་གྱིས་འཕྲོད་བསྟེན་འཕྲོད་སྦྱོར་ཤེས་བྱའི་འཆད་ཁྲིད་དང་འོས་འགན་སྨན་བཅོས་བྱས་ཁར་མང་ཚོགས་ལ་རྒྱུན་ཐོན་ནད་གཞི་སྔོན་འགོག་བྱ་ཐབས་ཁྱབ་གདལ་དང་སྨན་རྫས་ཀྱང་སྤྲད་པ་རེད།

“དགོན་སྡེར་ཚན་རྩལ་ཁྱབ་གདལ”གྱི་བྱེད་སྒོ་སྤེལ་བའི་ནང་གཞིས་རྩེ་ས་ཁུལ་ས་སྐྱ་དགོན་གྱིས་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོའི་ས་ཚིགས་བཙུགས་པ་མ་ཟད། གློག་ཀླད་དང་། པར་རྒྱག་འཕྲུལ་འཁོར། དུས་དེབ་སྒྲོམ། དཔེ་དེབ་ལྟ་ཀློག་སྒྲོག་ཙེ་སོགས་སྒྲིག་ཆས་དང་ཚན་རྩལ་ཁྱབ་གདལ་གྱི་དཔེ་དེབ་སྒྲིག་སྦྱོར་བྱས་ཤིང་། ཚན་རྩལ་ཁྱབ་གདལ་གྱི་ལས་དོན་མི་སྣས་ལས་སྟེགས་དེར་བརྟེན་ནས་དགེ་འདུན་པ་དང་མཐའ་འཁོར་མང་ཚོགས་ལ་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་དང་། ཁོར་ཡུག་སྲུང་སྐྱོང་། འཕྲོད་བསྟེན་འཕྲོད་སྦྱོར། མེ་ཟོན་བདེ་འཇགས་སོགས་ཐད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།