ཀྲུང་ནེ་ཡུལ་སྐོར་མཉམ་འབྲེལ་མཐུན་སྦྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-29 10:19:40

ཚེས་23ནས་27ཉིན་བར། ཀྲུང་གོ(བོད་ལྗོངས)དང་ནེ་པ་ལ་ཡུལ་སྐོར་མཉམ་འབྲེལ་མཐུན་སྦྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་བོད་དང་ནེ་པ་ལའི་དབར་གྱི་ཡུལ་སྐོར་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲེལ་ཡོད་གནད་དོན་ལ་གྲོས་མོལ་བྱས་པ་དང་ཆབས་ཅིག་ཀྲུང་གོ(བོད་ལྗོངས)དང་ནེ་པ་ལ་ཡུལ་སྐོར་མཉམ་འབྲེལ་མཐུན་སྦྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པའི་བརྗེད་ཐོར་མིང་རྟགས་ཀྱང་བཀོད་དེ་ཕྱོགས་གཉིས་པོས་མུ་མཐུད་མཉམ་ལས་གཏིང་ཟབ་བྱ་རྒྱུར་རྨང་གཞི་བཟང་པོ་ཞིག་བཏིངས་ཡོད་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་མ་ཟད། ཕྱོགས་གཉིས་པོའི་བརྗེད་ཐོར་མིང་རྟགས་འགོད་པར་དཔང་པོའང་གནང་བ་དང་། ནེ་པ་ལའི་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་འཐུས་མི་ཚོགས་པའི་ཚོགས་གཙོ་ཐུའུ་ལ་ཞི·ཕུའུ་ལ་ས་ཏེ·ཀའོ་ཐ་མུའུ་ཚོགས་འདུར་ཕེབས་ཡོད་པ་རེད།

ཏིང་ཡེ་ཤན་གྱིས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཞི་བདེར་དགའ་ཞེན་ཆེ་བ་དང་མི་རབས་ནས་མི་རབས་བར་མཛའ་ཞིང་མཐུན་པས། དེ་ནི་བོད་དང་ནེ་པ་ལའི་དབར་ཡུལ་སྐོར་མཉམ་ལས་བྱེད་པ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་ཐུན་མོང་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཀྲུང་ནེའི་དབར་2003ལོར་ཡུལ་སྐོར་མཉམ་འབྲེལ་མཐུན་སྦྱོར་ཨུ་ལྷན་བཙུགས་པ་དང་ཕྱོགས་གཉིས་པོའི་འབད་བརྩོན་ལྷོད་མེད་བརྒྱུད་སྔ་རྗེས་སུ་མཐུན་སྦྱོར་ཚོགས་འདུ་ཐེངས་བརྒྱད་འཚོགས་པར་གཡུར་ཟའི་གྲུབ་འབྲས་མང་དག་ཅིག་ཐོབ་ནས་ཀྲུང་ནེའི་མི་དམངས་དབར་བརྩེ་སེམས་ཟབ་ཏུ་གཏོང་བ་དང་བོད་ཀྱིས་ནེ་པ་ལ་དང་ཡུལ་སྐོར་མཉམ་ལས་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་བར་ཡར་སྐུལ་ནུས་པ་གལ་ཆེན་ཐོན་ཡོད་ཅེས་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།