ཏུང་ཡུན་ཧུའུ་ཡིས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་ངོ་121འཁོར་བར་དྲན་གསོ་ཞུ་བའི་གསར་བརྗེའི་དྲན་གསོའི་འགྲེམས་སྟོན་ལ་གཟིགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-29 10:18:53

ཚེས་26ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཡིས་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ཕེབས་ཏེ་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་ངོ་121འཁོར་བར་དྲན་གསོ་ཞུ་ཞེས་པའི་གསར་བརྗེའི་དྲན་གསོའི་འགྲེམས་སྟོན་ལ་གཟིགས་པ་རེད།

ད་ཐེངས་འགྲེམས་སྟོན་བྱས་པའི་འགྲེམས་དངོས་ནི་ནག་ཆུ་ས་ཁུལ་གྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཁྲ་བཟང་སྒེར་གྱིས་ཉར་ཚགས་བྱས་པ་ཡིན་ཞིང་། དེའི་ནང་མའོ་ཙེ་ཏུང་གི་ཚད་ལྡན་ཡིག་ཆའི་དཔྱད་གཞི་དང་། དཔེ་དེབ། ཚགས་པར། དཀར་ཡོལ་གྱི་སྐུ་བརྙན། སྐུ་བརྙན་རྟགས་མ། དྲན་གསོའི་རྟགས་མ། དྲིལ་བསྒྲགས་རི་མོ་སོགས་ཉར་ཚགས་དངོས་པོ་སྟོང་ཕྲག་འགའ་ཡོད།

ཏུང་ཡུན་ཧུའུ་ཡིས་མའོ་ཀྲུའུ་ཞིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཚད་མེད་གནང་ཡོད། བོད་ལ་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་སྒྱུར་བཅོས། རང་སྐྱོང་ལྗོངས་འཛུགས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཅས་ཀྱི་ཆེད་སྐུ་ངལ་ཚད་མེད་བསྐྱོན་ཏེ་ལེགས་སྐྱེས་བླ་ན་མེད་པ་ཕུལ་ཡོད་པས་ང་ཚོས་བློ་མཐུན་མའོ་ཙེ་ཏུང་གི་ཉམས་པ་མེད་པའི་མཛད་རྗེས་ནམ་ཡང་སེམས་དབུས་སུ་བཅངས་ཏེ་གསར་བརྗེ་པ་རྒན་རབས་ཚོའི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཕུགས་བསམ་གྱི་དད་སེམས་སྲ་བརྟན་དུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ་དང་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་བཅས་ལ་འཛིན་པའི་ངོས་འཛིན་ཟབ་ཏུ་དང་སེམས་ནུས་གཅིག་ཏུ་བསྒྲིལ་ནས་གསར་འབྱེད་ཡར་བརྩོན་དང་ལས་དོན་ཏན་ཏིག་སྒྲུབ་པའི་སྒོ་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་འཐབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།