“འཛམ་གླིང་ཐོག་གི་བོད་ཡིག་ཡིག་གཟུགས་ཀྱི་ཤོག་དྲིལ་རིང་ཤོས”ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-29 10:17:31

ཉེ་ཆར་འཛམ་གླིང་ཐོག་རིང་ཤོས་དང་བོད་ཡིག་ཡིག་གཟུགས་མང་ཤོས་ཡིན་པའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་ཉར་ཚགས་མཛད་སྒོ་ཕོ་བྲང་པོ་ཏ་ལའི་བདེ་ཡངས་ཤག་ཏུ་འཚོགས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་བོད་ཡིག་ཡིག་གཟུགས་ཀྱི་ཤོག་དྲིལ་དེའི་རིང་ཚད་ལ་སྨི་206དང་མཐོ་ཚད་ལ་ལི་སྨི་80ཡོད་པ་དང་། ཀྲུང་གོའི་དེང་རབས་བོད་ཡིག་ཡིག་གཟུགས་མཁས་ཅན་རྡོ་ལུགས་ཐང་གའི་སྲོལ་གཏོད་མཁན་ཉན་ཤུལ་རྡོ་རྗེ་དོན་གྲུབ་དང་གྲགས་ཅན་བོད་ཡིག་ཡིག་གཟུགས་མཁས་ཅན་དགེ་མང་འཇམ་དཔལ་གྱིས་དུས་ཡུན་ལོ་བཞི་སྤྱད་དེ་བྲིས་པ་ཞིག་ཡིན་པ་རེད། ཤོག་དྲིལ་དེར་ཞང་ཞུང་གི་སྨར་ཡིག་དང་། མུ་ཏིག་སྟར་ལ་བརྒྱུས་པ། དབུ་ཅན་གཟུགས། འཁྱུག་ཡིག་སོགས་བོད་ཡིག་ཡིག་གཟུགས་རིགས་177གྱི་ཐོག་ནས“བོད་ཡིག་ཡིག་གཟུགས་ཀྱི་འཕེལ་འགྱུར་ལོ་རྒྱུས”དང“བོད་ཡིག་ཡིག་གཟུགས་གཞུང་ལུགས”སོགས་ཀྱི་བརྩམས་ཆོས་བྲིས་ཡོད་པ་དང་། བོད་ཀྱི་གྲགས་ཅན་ཐང་གའི་དགེ་རྒན་ཆེ་མོ་བ་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་མི་རབས་ཉེར་བརྒྱད་པ་སྟེང་དགའ་ཡིས་ཕྱག་བྲིས་གནང་བའི་བོད་ཀྱི་ཡིག་གཟུགས་མཁས་ཅན་རིམ་བྱུང་32ཀྱི་སྐུ་པར་ཡོད་པ་མ་ཟད། བོད་རིགས་ཡིག་གཟུགས་གཞུང་ལུགས་དང་། བརྡ་སྤྲོད། སྙན་ངག་སོགས་རྩོམ་རིག་ནང་དོན་ཀྱང་ཡོད་ཅིང་། 2013ལོའི་ཟླ་8པར་འཛམ་གླིང་ཅི་ཉི་སིའི་ཟིན་ཐོའི་ཡིག་ཐོག་སྙན་ཞུ་འབུལ་རྒྱུ་ལེགས་གྲུབ་བྱུང་ནས“འཛམ་གླིང་ཐོག་གི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་ཤོས”ཀྱི་མཚན་སྙན་ཐོབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།