བོད་ཤར་རྒྱུད་དུ་རེ་བའི་འབྲས་བཟང་སྨིན།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 09:50:57

ཉེ་བའི་ལོ་ཤས་ནང་། ཆབ་མདོ་ས་ཁུལ་གྱིས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་ས་ཁུལ་དེ་ཡོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཞིང་འབྲོག་མང་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ཏེ་མི་རྒྱུ་དངོས་གསུམ་དང་སྲིད་ཇུས་སོགས་ཐད“ཞིང་གསུམ”ལས་དོན་ལ་ཕྱོགས་པས་ས་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་དང་ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་སོགས་ཐད་འཕེལ་རྒྱས་མྱུར་པོ་བྱུང་ནས་གང་སར་དབྱར་མཚོ་རྒྱས་པ་ལྟར་གྱི་དགའ་འོས་པའི་རྣམ་པས་ཁེངས་ཡོད།

ཆབ་མདོ་ས་ཁུལ་གྱིས“རྣམ་གྲངས་ཆེན་པོ་འཕེལ་རྒྱས་ཆེན་པོ་དང་རྣམ་གྲངས་ཆུང་གྲས་འཕེལ་རྒྱས་ཆུང་ཆུང་དང་། ཆུ་ཚད་དམའ་ལ་བསྐྱར་ཟློས་རྣམ་གྲངས་ལག་ལེན་བསྟར་ཡུལ་མེད་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་རྣམ་གྲངས་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ནི་གོ་སྐབས་དམ་འཛིན་བྱེད་ས་ཡིན་པའི་ཁ་ཚ་དགོས་གཏུག་གི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་བཏང་ནས་ཐོན་ཁུངས་བསྡུ་སྒྲིལ་དང་། སྒྲིག་འཛུགས་ནུས་ལྡན། ལས་ཀ་ཚད་ལྡན། རྟོག་ཞིབ་ནན་པོ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཞིང་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་མ་ཟམ་མི་ཆད་པར་བཏང་ཡོད། རྣམ་གྲངས་འཛུགས་སྐྲུན་གྱི“ཟླ་རེར་དབྱེ་ཞིབ་དང་དུས་ཚིགས་རེར་བཀོད་གཏོང་བྱེད་པའི”ལམ་ལུགས་མཐའ་འཁྱོངས་དང་། ཟླ་རེར་ཕྱོགས་སྡོམ་དབྱེ་ཞིབ་དང་དུས་ཚིགས་རེར་བཀོད་གཏོང་བཀོད་སྒྲིག་བྱས་ཏེ་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་ཐུབ་པ་དང་སྔ་ཙམ་འཛུགས་སྐྲུན་བྱེད་ཐུབ་པ་བྱས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ཞིང་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་མགྱོགས་མྱུར་ལག་བསྟར་དོན་འཁྱོལ་ཐུབ་པ་བྱས་པ་རེད།

ཆབ་མདོས་སྔ་རྗེས་སུ་བྲ་བོ་ལས་སྣོན་རྟེན་གཞི་དང་། སྔོ་ཚལ་ཐོན་སྐྱེད་འདུ་འགོད། གྲོང་ཁྱེར་གྱི་འཐུང་ཆུའི་ཆུ་འགོའི་འདུ་འགོད། ཞིང་ནང་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ཆུང་གྲས་སོགས་ཞིང་པའི་གཙོ་གནད་རྣམ་གྲངས་ཁག་གཅིག་ལག་བསྟར་བྱེད་པའི་ས་ཁུལ་དེ་ཡོངས་ཀྱི་ཞིང་པའི་རྣམ་གྲངས་ཁག་51དང་ཡན་ལག་རྣམ་གྲངས་359ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་98.38བཏང་ནས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་མ་གཏོང་བ། ཞིང་འབྲོག་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཞིང་འབྲོག་པའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ཡར་སྐུལ་བྱེད་པ་བཅས་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

ཆབ་མདོས་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་ཁག་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ཏང་སྲོལ་དང་། སྲིད་སྲོལ། སྤྱོད་ཚུལ། ལས་རིགས་ཀྱི་སྤྱོད་ཚུལ་བཅས་འཛུགས་སྐྱོང་བྱེད་པའི་གལ་ཆེའི་ནང་དོན་དང་དམར་ཐིག་ཏུ་བརྩིས་ནས། མི་རྩ་བར་འཛིན་པ་དང་དམངས་ཆེད་སྲིད་སྐྱོང་བ་དང་མང་ཚོགས་ལམ་ཕྱོགས་ནི་ཏང་གི་ཚེ་སྲོག་ལམ་ཐིག་ཡིན་པའི་བསམ་བློའི་རྨང་གཞི་བརྟན་དུ་དང་། སྲིད་ཇུས་ཁག་ལག་བསྟར་བྱེད་པའི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་འགྲོ་ཐུབ་པ་བྱུང་ཡོད། དེ་དང་ཆབས་ཅིག་ཆབ་མདོ་ས་ཁུལ་གྱི་ཞིང་དར་ཞིང་ཕན་སྲིད་ཇུས་དོན་འཁྱོལ་དང་ལྟ་སྐུལ་ཞིབ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་2006ལོ་ཚུན་དུ་ས་ཁུལ་དེ་ཡོངས་ཀྱི་ཞིང་དར་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ཁྱོན་ཡོངས་ནས་གཙང་བཤེར་ལེགས་སྒྲིག་བྱས་ཏེ། རང་གིས་རང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ལྟ་ཞིབ་བྱེད་རེས་བྱེད་པ། དཔྱད་དཔོག་ལྟ་སྐུལ་བྱེད་པ་སོགས་ཕྱོགས་ཚང་མ་དང་། རིམ་པ་མང་བ། འབུར་གཟུགས་ཅན། རྒྱུན་གཏན་ཅན་བཅས་ཀྱི་ལྟ་སྐུལ་དང་ལྟ་ཞིབ་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།

2011ལོའི་ཟླ་6པར་རྩྭ་ཐང་གི་སྣོད་བཅུད་ཁ་གསབ་བྱ་དགའི་ལས་དོན་སྤེལ་ཚུན་ཆབ་མདོ་ས་ཁུལ་གྱིས“དམངས་འཚོར་དམ་འཛིན་དང་སྣོད་བཅུད་འགན་ལེན”གྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། རྩྭ་ར་འགན་གཙང་སྤྲོད་རྒྱུ་རྨང་གཞི་དང་རྩྭ་ཐང་གི་སྣོད་བཅུད་ཁ་གསབ་བྱ་དགའ་དམ་འཛིན་བྱེད་གཞིར་བྱེད་པ་དང་རྩྭ་ཕྱུགས་དོ་སྙོམས་ལ་སྐུལ་མ་གཏོང་བ་དང་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། རྩྭ་ཐང་གི་སྣོད་བཅུད་ཁ་གསབ་བྱ་དགའི་ལས་དོན་དེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་རྩྭ་ཐང་གི་སྣོད་བཅུད་ཁ་གསབ་བྱ་དགའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། རྩྭ་ཕྱུགས་དོ་སྙོམས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་གཏོང་བཅས་ཐད་རྨང་གཞི་བརྟན་པོ་བཏིང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2013ལོར་ས་ཁུལ་དེ་ཡོངས་སུ་རྩྭ་ཐང་གི་སྣོད་བཅུད་ཁ་གསབ་ཀྱི་བྱ་དགའི་དངུལ་སྒོར་ཁྲི་15564.11དམིགས་སར་འབྱོར་ཡོད་པ་རེད།

ཆབ་མདོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་འདོམས་འཕེལ་རྒྱས་དང“རྒྱ་སྟོབས་ཆེར་གཏོང”གི་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་མིག་སྔའི་ལས་དོན་དང་ཕུགས་ཀྱི་འཕེལ་རྒྱས་འཆར་འགོད་ལུགས་མཐུན་ངང་ཟུང་འབྲེལ་བྱས་ནས་རྣམ་གྲངས་མཉམ་གྲོས་ཀྱི་ལམ་ལུགས་བཙུགས་ཏེ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ཡོད། དེ་དང་ཆབས་ཅིག་འབྲུ་རིགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྣ་མང་ཅན་དང་། རྒྱུ་མང་ཅན། ཆེད་ལས་ཅན་བཅས་ཀྱི་ཞིང་འབྲོག་ཐོན་རྫས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྒུན་འབྲུམ་དང་། བྲ་བོ། སྤུས་ལེགས་ནས། ལྗང་མདོག་གནོད་མེད་ཀྱི་སྔོ་ཚལ། རི་བོ་ཆེའི་ཚགས་ཤ་སོགས་ཀྱི་ཐོན་ལས་ལ་གཙོ་གནད་ཐོག་དམ་འཛིན་བྱས་ནས་ཆབ་མདོ་ས་ཁུལ་གྱི་2014ལོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་ཚོགས་བདེ་བླག་ངང་གཉེར་ཡོད་པ་རེད།

མིག་སྔར་ཆབ་མདོ་ས་ཁུལ་གྱི་ཞིང་འབྲོག་ཐོན་ལས་ཐད་བཀོད་སྒྲིག་སྔར་བས་ལུགས་མཐུན་བྱུང་ནས་རྟེན་གཞི་འཛུགས་སྐྲུན་གྱི་གཞི་ཁྱོན་རགས་ཙམ་ཆགས་པ་དང་། ཐོན་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཏེ་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་བ་དང་། མང་ཚོགས་ལས་ཞུགས་ཐུབ་པ་བྱེད་པ། མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བ། སྣེ་ལེན་ཁེ་ལས་སྐྱེད་སྲིང་བྱེད་པ་སོགས་ཐད་གྲུབ་འབྲས་གང་ཙམ་ཐོབ་ནས། བོད་ཤར་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་གྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད།

2012ལོར་ས་ཁུལ་དེ་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4962ཟིན་ནས་14.5%འཕར་བ་དང་། 2013ལོར་སྒོར་5900ཟིན་ནས་18.9%འཕར་ནས་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་བྱུང་ཡོད། ལོ་གཉིས་རིང་ས་ཁུལ་དེ་ཡོངས་སུ་ཞིང་འབྲོག་པའི་ཨར་ལས་རུ་ཁག་དང་ལས་མིའི་རུ་ཁག་སོགས་ངལ་ནུས་རྩ་འཛུགས་205འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་མི་17010ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་པ་དང་། གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་དུས་ཐེངས་155གཉེར་ནས་མི་24609ལ་གསོ་སྦྱོང་བྱས་ཡོད། མི་ཐེངས་ཁྲི་19.55ལས་ཞུགས་གཞན་སྒྱུར་ཐུབ་ནས་རིམ་རྩིས་ལྟར་ན་འབབ་འཕར་སྒོར་དུང་ཕྱུར་7.21བྱུང་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།