སྲིད་གྲོས་སྐབས་དང་པོའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:17:04

ཟླ་12ཚེས་15ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པ་རེད། ཆབ་མདོའི་མི་དམངས་ཀྱི་རེ་བ་ནན་པོ་དང་མངགས་བཅོལ་ཟབ་མོ་འཆང་བཞིན་དུ་ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་236གྱིས་སྤོབས་སེམས་ཀྱིས་ཁེངས་པ་དང་བློ་སྟོབས་ཆེར་སྐྱེད་ཀྱིས་མཉམ་འཛོམས་བྱས་ནས་འགན་ནུས་ལག་བསྟར་ནན་ཏན་དང་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་བླ་ན་མེད་པའི་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་པ་རེད།

ཚོགས་འདུའི་ཐོག་ཆབ་མདོ་ས་ཁུལ་སྲིད་གྲོས་ཀྱིས་སྐབས་བཅུ་བརྒྱུད་པ་དང་ཚང་འཛོམས་གྲོས་ཚོགས་ཐེངས་52འཚོགས་ཤིང་། ལོ་55རིང་ཀྲུང་གུང་ཆབ་མདོ་ས་ཨུད་ཀྱི་སྐབས་རིམ་བྱུང་གི་ཞུམ་མེད་འགོ་ཁྲིད་འོག་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ནུས་ལྡན་འོག་ས་ཁུལ་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ནང་རང་འགུལ་ངང་ཞུགས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་ཁོང་དུ་ནན་པོ་ཆུད་པ་བྱས་ཏེ་ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་ཆབ་མདོའི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་དང་དང་ལེན་ཞུས་པ་དང་། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་པོ་བྱས་ནས་ཆབ་སྲིད་ཀྱི་ལེགས་ཆ་དང་། སྟོབས་ཤུགས་གཅིག་སྒྲིལ། རིག་སྟོབས་མང་འདུས། ཐབས་ལམ་བདེ་བགྲོད། ཐབས་འདོན་ཇུས་འདོན། ཁྱོན་ཡོངས་ལ་ཞབས་ཞུ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་ཡོད་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ལས་ཁུངས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ཏེ་འགན་འཁྲི་གཙང་སྒྲུབ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་སྲིད་གྲོས་ཀྱི་དམིགས་བསལ་དང་གལ་ཆེན་གྱི་ནུས་པ་བཏོན་ནས་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གྲོང་ཁྱེར་དེ་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་ཐོག་ཆབ་མདོའི་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།