བོད་ལྗོངས་ཀྱི་ཚན་པ་ཁག་ཏུ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་མུ་མཐུད་འཕྱུར་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:17:04

ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ཚན་པ་ཁག་དང་སྡེ་ཚན་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་བྱེད་ཐབས་སྣ་ཚོགས་ཀྱིས་སློབ་སྦྱོང་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ནང་དོན་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་འཁེལ་བའི་རྒྱས་བཤད་གསར་པ་དང་། དམིགས་ཚད་གསར་པ། བླང་བྱ་གསར་པ་བཅས་རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད་པ་རེད།

རང་སྐྱོང་ལྗོངས་ཀྱི་འཆད་ཁྲིད་དགེ་རྒན་གྱི་ཁོངས་མི་ཝང་ཁྲུན་ཧོན་དང་ཚེ་རིང་ཕན་ཐོགས་སོགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ལྗོངས་ཡན་ལག་དངུལ་ཁང་། ལྗོངས་རྒྱལ་ཁྲལ་ཅུས་སོགས་སུ་བསྐྱོད་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་ལག་ལེན་ནང་ཧུར་ཐག་ཞུགས་པ། ཁྲིམས་ལྟར་བོད་སྐྱོང་གི་འཕེལ་རིམ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་འཚོགས་རྗེས་རྒྱ་ཆེའི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་རང་འགུལ་ངང་ཞིབ་དཔྱོད་ལས་དོན་ཁག་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་བོད་སྐྱོང་གི་ལས་ཀའི་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ནང་བཅུག་ནས་ཇུས་འགོད་བྱེད་པ་དང་ཁྲིམས་འཛུགས་དང་། ཁྲིམས་འཛིན། ཁྲིམས་སྲུང་སོགས་གལ་ཆེའི་ལྷུ་ཚིགས་ནང་བཞག་ནས་ནན་ཏན་ངང་ཁྲིམས་ལག་བསྟར་དང་གཞུང་དྲང་ངང་ཁྲིམས་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲིམས་ལུགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་སྐྲུན་པའི་ཁྲོད་ལག་ལེན་མཁན་དང་སྐུལ་འདེད་མཁན་ཞིག་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ཉེ་དུས། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ལྗོངས་ཡན་ལག་དངུལ་ཁང་གིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཧོ་པོ་གདན་དྲངས་ནས་ལས་བྱེད་པ་དང་ལས་བཟོ་ཚོར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱེད་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་བྱས་པ་དང་། ཧོ་པོ་ཡིས་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ནང་དོན་དང་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་སྐྱོང་སྲིད་གཞུང་དབར་གྱི་འབྲེལ་བ་སོགས་ལ་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་ཤིང་། སྒྲོག་འགྲེལ་སྙན་ཞུ་ནན་ཏན་ངང་ཉན་རྗེས་འཛུགས་སྐྲུན་དངུལ་ཁང་ལྷ་ས་གླིང་སྐོར་བྱང་ལམ་ཉིང་ལག་དངུལ་ཁང་གི་ཧང་ཀྲང་མིག་དམར་རྒྱལ་མཚན་གྱིས“སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་དགོས་ཞེས་ཁ་གསལ་བསྟན་ཡོད། ངའི་བསམ་པར་སྦྱངས་པ་གོ་ཆོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་བྱས་པ་བརྒྱུད་ང་ཚོའི་དངུལ་ཁང་གིས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུར་སྔར་བས་ཤུགས་སྣོན་དང་དངུལ་རྩའི་ཉེན་ཁར་དོགས་ཟོན་གྱི་ནུས་པར་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་དངུལ་ཁང་ཧྲིལ་པོའི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བཤད།

ཉིན་ཤས་གོང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཀྲུའུ་རེན་སུན་ལིན་ལིན་གྱིས་རང་སྐྱོང་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ལ“ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་མྱུར་སྐུལ་འདེད་གཏོང་དགོས”ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་དོན་འཆད་ཁྲིད་བྱས་ཤིང་། ཚོགས་ཞུགས་མི་སྣས་འཆད་ཁྲིད་ཉན་པ་བརྒྱུད་བློ་སྒོ་ཕྱེ་ཐུབ་པ་བྱུང་བ་མ་ཟད། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་བྱུང་སྟེ་སླད་ཕྱིན་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལས་དོན་ཁྲོད་ལག་ལེན་མཐར་ཕྱིན་བྱས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་ལེན་བྱེད་མཁན་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་མཁན་ཞིག་བྱ་རྒྱུ་ཡིན་ཞེས་བཤད།

རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱིས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚེ་རིང་ཕན་ཐོགས་གདན་ཞུ་བྱས་ནས་ལས་ཐོག་ལས་བྱེད་པ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར“ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་ཁག་དང་བྱེད་ཐབས་གལ་ཆེན་སྟངས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས”ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་དོན་འཆད་ཁྲིད་བྱས་ཤིང་། ལྗོངས་ཡུལ་སྐོར་སྤྲོ་འཆམ་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའི་ཁྲུའུ་ཀྲང་ཀྲང་ཅིན་གྱིས་སྙན་ཞུ་ཉན་རྗེས་ཚང་མས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་དོན་དང་དགོངས་དོན་ལ་རྒྱུས་མངའ་དང་ཤེས་རྟོགས་གསར་པ་ཞིག་བྱུང་བ་དང་འབྲེལ་འཆད་ཁྲིད་དེ《ཡུལ་སྐོར་བཅའ་ཁྲིམས》ཟུང་འབྲེལ་བྱས་པ་དང་གྱོད་དཔེ་དྲངས་ནས་གོ་བདེ་ཤེས་སླའི་སྒོ་ནས་འཆད་ཁྲིད་བྱས་པར་བརྟེན་ཡུལ་སྐོར་ཁྲིམས་འཛིན་དང་ཡུལ་སྐོར་ལྟ་སྐུལ་དོ་དམ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཐུབ་ཚད་དེ་བས་ཟབ་ཏུ་ཕྱིན་པ་དང་འབྲེལ་ཕྱིས་སུ་ཇི་ལྟར་བྱས་ནས་ལས་དོན་སྤེལ་རྒྱུའི་ཐད་བློ་སྐྱེས་གསར་པ་ཞིག་བྱུང་ཞེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།