རྫོང་རིམ་པའི་སྲིད་གཞུང་གི་གསར་འགྱུར་དྲ་རྒྱ་74ཚང་མ་སྤྱོད་འགོ་ཚུགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:17:04

གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ། ལྗོངས་ཡོངས་ཀྱི་རྫོང་རིམ་པའི་སྲིད་གཞུང་གི་གསར་འགྱུར་དྲ་རྒྱ་74དེ་དག་ཁག་བགོས་ནས་བསྐྲུན་ཟིན་པ་མ་ཟད་ཚང་མ་སྤྱོད་འགོ་ཚུགས་ཡོད། ཟླ་12ཚེས་14ཉིན་གྱི་སྔ་དྲོ་དུས་ཡུན་ཉིན་གཉིས་ཀྱི་རང་ལྗོངས་ཀྱི་རྫོང་རིམ་པའི་སྲིད་གཞུང་གི་གསར་འགྱུར་དྲ་རྒྱའི་དོ་དམ་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་དངོས་སུ་སློབ་འགོ་ཚུགས་པར་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་གསུམ་གྱི་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གི་མི་100ལྷག་ཙམ་ཞུགས་ཡོད།

རྫོང་རིམ་པའི་སྲིད་གཞུང་གི་གསར་འགྱུར་དྲ་ཚིགས་ཀྱི་དོ་དམ་པས་དྲ་ཚིགས་ལས་དོན་གྱི་བརྒྱུད་རིམ་དང་། ལག་རྩལ་བེད་སྤྱོད། ཆེད་སྒྲིག བྱེད་སྒོའི་ཇུས་བཀོད་སོགས་ཐད་ཀྱི་ལས་སྒོའི་ནུས་པ་དང་། དྲ་རྒྱའི་གནས་ཚུལ་ཤེས་པ་དང་། དྲ་རྒྱ་དོ་དམ་ཐུབ་པ། དྲ་རྒྱ་སྤྱོད་ཤེས་པ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད་རང་སྐྱོང་ལྗོངས་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་བོད་ལྗོངས་སྨྱན་སྦྱོར་ཚོགས་པས་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

གསོ་སྦྱོང་བྱེད་རིང་། རང་སྐྱོང་ལྗོངས་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་། བོད་ལྗོངས་སྨྱན་སྦྱོར་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས་དྲ་རྒྱའི་བདེ་འཇགས་དང་། གླེང་ཕྱོགས་ཀྱི་ལྟ་སྐུལ་ཚོད་འཛིན། དྲ་ཚིགས་འཛུགས་སྐྲུན་གྱི་བདེ་འཇགས་འགན་ལེན་དང་། འཁོར་སྐྱོད་སྲུང་སྐྱོང་གི་བདེ་འཇགས་བྱ་ཐབས། དྲ་ཚིགས་ཀྱི་དྲ་ངོས་འཆར་འགོད། ནང་དོན་རྩོམ་སྒྲིག་དང་བཀོལ་སྤྱོད་ཀྱི་བརྒྱུད་རིམ་སོགས་འཁྲིད་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།