བརྩེ་སེམས་བཅངས་ཏེ་གྲོང་ཚོ་དང་དུད་ཚང་རེ་རེར་བསྐྱོད། དམ་པ་དོན་གཉེར་བྱས་པས་དོན་འཁྱོལ་གནད་སྨིན་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-04-28 12:14:52

ABC看图20180428120734.png

ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས“གཞི་རིམ་དུ་སྐྱོད་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། བྱ་བ་དངོས་སྒྲུབ་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ཏེ་རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ་ལས་ཁུངས་ནས་ཕྱིར་ཐོན་ནས་གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས། ཞིང་ནང་། གྲོང་ཚོ། དུད་ཚང་བཅས་སུ་བསྐྱོད་དེ་བཅའ་སྡོད་ཞིབ་འཇུག་རྟོག་ཞིབ་དང་དུད་ཚང་དུ་འཚམས་འདྲི་དང་དཀའ་ངལ་འདྲི་རྩད་སོགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྔར་བས་དོན་འཁྱོལ་ཡོང་བ་དང་། གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ། ཆ་སྒྲིག་རོགས་སྐྱོར་གྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་གཅིག་ཐག་གཅོད་བྱེད་རོགས་བྱས་པ་རེད།

འདི་ནི་ཉེ་ཆར་ཆུ་ཤུར་རྫོང་གི་ལས་ཁུངས་ཀྱི་ལས་བྱེད་པ་ཚལ་སྣེ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོར་བསྐྱོད་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱེད་པའི་གནས་ཚུལ་ཡིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།