བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-04-25 16:06:11

ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཕྲལ་མར་སྒྲིག་འཛུགས་ཀྱིས་བརྒྱུད་བསྒྲགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་པར་བརྟེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཚ་རླབས་འཕྱུར་བ་རེད།

ཚེས་29ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཏང་ཕྱིའི་འཐུས་མིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་བསོད་ནམས་རིག་འཛིན་གྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་གནང་བའི་གསུང་བཤད་རབ་དང་རིམ་པའི་ནང་དུས་སྐབས་གསར་པའི་ཏང་མང་མཉམ་ལས་ཀྱི་གར་སྟེགས་སུ་དམངས་གཙོའི་ཏང་ཤོག་གིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཡག་པོ་བྱེད་པ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་དང་སྤྱི་ཚོགས་ལ་དྲང་ནུས་ཧུར་ཐག་འདོན་པ་སོགས་ཀྱི་ཐད་རེ་སྒུག་ཧ་ཅང་ཆེན་པོ་བྱས་པ་དེ་ཐོག་ནས་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣར་ཡིད་ཆེས་ཆེན་པོ་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཏང་ཕྱིའི་མི་སྣས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་གཅིག་གྱུར་ཡོང་བ་བྱེད་པ་དང་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་རྒྱུར་གཞོལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་འཕེལ་རྒྱས་ལ་སྐུལ་གཏོང་དང་། བརྟན་ལྷིང་སྲུང་སྐྱོང་། དབུལ་སྒྲོལ་ཕྱུག་འགྱུར། འབྱོར་འབྲིང་འཛུགས་སྐྲུན་བཅས་ཀྱི་ཐོག་དངོས་འབྲེལ་གཅིག་ཏུ་བསྒྲིལ་དགོས་ཞེས་བསྟན་པ་རེད།

ཉེ་ཆར། རང་སྐྱོང་ལྗོངས་མཐོ་རིམ་ཁྲིམས་ཁང་གིས་ཁང་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པའི་ཚོགས་ཆེན་འཚོགས་པ་དང་། ལྗོངས་མཐོ་རིམ་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཡོན་ཀྲང་བསོད་དར་ཕེབས་པ་དང་འབྲེལ་བསྟན་དོན། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་ཁག་དང་ཐོབ་པའི་གྲུབ་འབྲས་ཁག་གིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལ་སླད་ཕྱིན་གྱི་ལས་དོན་ཁག་འཆར་འགོད་ཡག་པོ་བྱེད་པར་ཁ་ཕྱོགས་གསལ་པོ་བསྟན་པ་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པར་བརྟེན། རྒྱ་ཆེའི་ལས་བྱེད་ཉེན་རྟོག་པས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་དགོས།

ཉེ་ཆར། ལྷ་ས་གྲོང་ཨུད་ཀྱིས་རྒྱུན་ཨུའི་ཚོགས་འདུ(རྒྱ་ཆེའི་ཚོགས་འདུ)འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་ཞི་ཅིན་ཕིང་གི་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་ཞིག་ཡིན་ལ་མི་དམངས་ཀྱི་བསམ་འདུན་མཚོན་པ་དང་། དུས་སྐབས་གསར་པའི་ཐུན་མོང་ངོས་འཛིན་གོང་བུར་འགྲིལ་བ། མི་དམངས་དུང་ཕྱུར་མང་པོར་སྐུལ་ལྕག་གཏོང་བ་བཅས་ཀྱི་དུས་སྟོན་གཟབ་རྒྱས་ཤིག་ཡིན་པས། དོན་སྙིང་ཆེ་ལ་ཤུགས་རྐྱེན་ཡང་ཟབ་མོ་ལྡན་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་བཏང་ནས“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཐོག་མཐའ་བར་གསུམ་དུ་བྱེད་དགོས་ཞེས་བསྟན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།