གྲོང་གསེབ་དར་རྒྱས་ཡོང་བར་འཇོན་ཐང་ཆེ་བའི་གཞི་རིམ་གྱི་ལས་བྱེད་པ་འབོར་ཆེན་ཞིག་ཡོད་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-04-25 16:06:10

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་ཡོང་བའི་འཐབ་ཇུས་ལག་ལེན་བསྟར་དགོས་ཞེས་བཏོན་ཡོད། ཐབས་ཇུས་དེ་དོན་ཐོག་ཏུ་འཁྱོལ་དགོས་ཚེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། དམངས་ལ་ཞབས་འདེགས་ཞུ་བ། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་རང་འདོམས་སོགས་ཚང་མར་མིག་དཔེ་འདོན་ཐུབ་པའི་ཕུལ་བྱུང་གི་གཞི་རིམ་གྱི་ལས་བྱེད་པ་འབོར་ཆེན་ཞིག་དགོས།

གྲོང་གསེབ་དར་རྒྱས་ཡོང་བར་གཞི་རིམ་ལས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་དགོས། གྲོང་གསེབ་དར་རྒྱས་ཡོང་བའི་འཐབ་ཇུས་ཀྱི་འཐབ་ས་མདུན་མའི་བཀོད་འདོམས་པའི་ངོས་ནས་དང་ཐོག“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་ཏང་གི་དར་ཆ་དར་ཆར་བརྩི་བ་དང་། ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་བརྩི་བ། ཏང་གི་བློ་སྟོབས་བློ་སྟོབས་སུ་བརྩི་བ་བཅས་བྱས་ཏེ་རང་འགུལ་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་རང་འགུལ་ངང་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་བྱེད་དགོས།

དེ་དང་དུས་མཚུངས་ཏང་ཀྲུང་དབྱང་གིས་དར་སྤེལ་གཏོང་རིགས་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་རིགས་མཐའ་གཅིག་ཏུ་བཀའ་བཞིན་སྒྲུབ་པ། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་རིགས་མཐའ་གཅིག་ཏུ་གཏན་འགོག་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་ལག་ལེན་བསྟར་ཏེ“གོང་ལ་སྲིད་ཇུས་ཡོད་ན་འོག་ལ་ཁ་གཏད་འཇལ་ཐབས་ཡོད་པ”དང“བཀའ་བཏང་རུང་མི་ཉན་ཞིང་། བཀག་འགོག་བྱས་རུང་མཚམས་མི་འཇོག་པ”གཏན་ནས་བྱ་རྒྱུ་མེད།

གྲོང་གསེབ་དར་རྒྱས་ཡོང་བར་གཞི་རིམ་ལས་བྱེད་པས་དམངས་ལ་ལས་དོན་ཡག་པོ་སྒྲུབ་དགོས། “དཔོན་པོས་དམངས་ལ་འགན་མ་ཁྱེར་ན། ཁྱིམ་དུ་ཞོག་ཁོག་འཚོང་པར་བསྐྱོད་ན་དགའ” གཞི་རིམ་ལས་བྱེད་པས་ཐད་ཀར་མང་ཚོགས་དང་འབྲེལ་འདྲིས་བྱེད་དགོས་པས། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བཙུགས་ཏེ་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ཤུགས་སྣོན་བརྒྱབ་ནས་རང་རེའི་ཏང་ལ་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པ་དང་ང་ཚོའི་བྱ་གཞག་ལ་མཛད་མཐའ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡོད་པར་བྱེད་དགོས།

ཤང་གྲོང་དར་རྒྱས་ཡོང་བར་གཞི་རིམ་ལས་བྱེད་པའི་སྤྱོད་གཙང་རང་གཅུན་གྱི་བསམ་བློ་བརྟན་པོ་ཡོད་དགོས། གཞི་རིམ་ལས་བྱེད་པས་རང་ཉིད་ལ་རེ་བ་ནན་པོ་བཅོལ་ནས“བཅའ་ཁྲིམས་ལ་བརྩི་སྲུང་དང་། སྒྲིག་ཁྲིམས་སྲུང་བ། སྒྲིག་སྲོལ་ལ་སྣང་ཆེན”བཅས་བྱེད་པ་དེ་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་ལས་ཀ་དང་འཚོ་བའི་ཁྲོད་མངོན་པར་བྱས་ཏེ་དབང་ཆའི་འགག་སྒོ་དང་། རྒྱུ་དངུལ་གྱི་འགག་སྒོ ཆགས་སྲེད་ཀྱི་འགག་སྒོ་བཅས་ནན་པོ་བསྲུངས་ནས་འདོད་བརྣག་རྒྱབ་བསྐྱུར་གྱི་མི་ཞིག་བྱེད་པ་དང་། བདེན་དཔང་དྲང་གཞག་གི་ལས་ཀ་བྱེད་པ། སྤང་བླང་ཚུལ་གནས་ཀྱི་དཔོན་ཞིག་བྱེད་དགོས།

རིམ་ཁག་ཏང་ཨུད་ཀྱིས་གཞི་རིམ་ལས་བྱེད་པའི་འཚོ་བའི་ཐོབ་ཐང་གི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས་པ་དང་དུས་མཚུངས། གཞི་རིམ་ལས་བྱེད་པའི་ལྟ་སྐུལ་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་གྱི་རུལ་སུངས་དང་དེ་བཞིན་ཁྲིམས་འཛིན་དྲང་གཞག་མེད་པ་སོགས་ཀྱི་གནད་དོན་ལ་ཡོ་བསྲང་ནན་ཏན་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་བསྲུངས་ནས་མང་ཚོགས་ཚོས་རུལ་རྒོལ་གཙང་སྤེལ་གྱི་དངོས་ཡོད་གྲུབ་འབྲས་དེ་བས་མང་བ་ཚོར་བར་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།