གསར་གཏོད་རྣམ་པའི་བོད་ལྗོངས་བསྐྲུན་ཕྱིར་མཛད་མཐའ་མེད་པའི་སྒུལ་ཤུགས་སྦྱིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-04-25 16:06:10

ཉེ་ཆར་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཝང་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཚན་རྩལ་གསར་གཏོད་སོགས་ཀྱི་གནད་དོན་ཐད་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་མུ་མཐུད་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དང་དེ་བཞིན་ནག་ཆུས་ཚན་རྩལ་ལ་བརྟེན་ནས་ཤིང་འཛུགས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཚོགས་ཆེན་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང“ལས་སྟེགས་བཏོད་པ་དང་། ཆེད་དོན་སྒྲུབ་པ། གཞན་སྒྱུར་སྐུལ་གཏོང་། ཁྱབ་གདལ་རྒྱ་སྐྱེད”བཅས་གཙོ་གནད་དུ་བྱས་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ཕྱོགས་ཡོངས་ནས་སྐུལ་མ་གཏོང་བ་དང་། གསར་གཏོད་རྣམ་པའི་བོད་ལྗོངས་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་མ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་བརྗོད་པ་རེད།

ཝང་ཕིང་གིས་གསར་འགོད་པར་2017ལོར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་ཚན་རྩལ་མ་འཇོག་སྒོར་དུང་ཕྱུར་3.4དོན་འཁྱོལ་བརྩོན་ལེན་བྱས་ནས་ཚན་རྩལ་གྱི་གཙོ་གནད་ཆེད་དོན་8ལ་དམིགས་ཏེ་ཁག་གཉིས་ཀྱི་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རྩལ་འཆར་གཞིའི་རྣམ་གྲངས་85འཛུགས་རྒྱུའི་ལག་བསྟར་ལས་དོན་ལེགས་སྒྲུབ་བྱས་པ་རེད། 2018ལོར་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གིས་ཕྱོགས་8ཐད་ནས་ཚན་རྩལ་གསར་གཏོད་ལྟེ་བར་བྱེད་པའི་ཕྱོགས་ཡོངས་ཀྱི་གསར་གཏོད་ལ་སྐུལ་མ་ཤུགས་ཆེན་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་སྟེ།

ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ཞིང་། ཚན་རྩལ་གསར་གཏོད་ཀྱི་མ་ལག་གང་མགྱོགས་བསྐྲུན་ནས་ཚན་རྩལ་སྒྱུར་བཅོས་གསར་གཏོད་ལ་ཕྱོགས་ཡོངས་ནས་སྐུལ་མ་གཏོང་བ་དང་སྒྲིག་གཞི་དང་ལམ་སྲོལ་གྱི་འགོག་རྐྱེན་བསལ་ཏེ་གསོན་ཤུགས་ཀྱིས་ཁེངས་པའི་ཚན་རྩལ་དོ་དམ་དང་འཁོར་རྒྱུག་ལམ་སྲོལ་ཞིག་ཆགས་པ་བྱ་རྒྱུ། ཚན་རྩལ་གྱི་སྲིད་ཇུས་ཁག་བཏོན་ནས་ལག་ལེན་བསྟར་རྒྱུར་མཐུན་སྦྱོར་སྐུལ་མ་གཏོང་བ་དང་། ཚན་རྩལ་ཐབས་ཇུས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་གྱི་གདེང་འཇོག་ལམ་སྲོལ་གསར་གཏོད་བྱེད་པ་སོགས་ཀྱི་ཐོག་ནས་ཚན་རྩལ་གཟེངས་བསྟོད་དང་སྒྲིག་འཛུགས་འོས་སྦྱོར་དཔྱད་ཞིབ་ལས་དོན་དང་། རྒྱལ་ཁབ་ཀྱི་གཙོ་གནད་ཚན་རྩལ་ཞིབ་འཇུག་རྣམ་གྲངས་སྒྲིག་འཛུགས་དང་འོས་སྦྱོར། རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རྩལ་རྣམ་གྲངས་གལ་ཆེན་བསྡུ་རུབ་གཅིག་སྡུད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ། 2018ལོའི་ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཞིབ་དཔྱད་ཐོ་འགོད་ལས་དོན་ཡག་པོ་སྒྲུབ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”ཚན་རྩལ་གསར་གཏོད་འཆར་འགོད་ཀྱི་དུས་འབྲིང་ཚོད་སྐོར་དང་ལེགས་སྒྲིག་བྱེད་འགོ་འཛུགས་རྒྱུ།

ཁྱད་ལྡན་ཐོན་ལས་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་8དང་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་ཞིབ་འཇུག་གསར་སྤེལ་གྱི་འཆར་གཞིའི་རྣམ་གྲངས་ལག་ལེན་གཏིང་ཟབ་བསྟར་བ་དང་། ནས་ཀྱི་ཐོན་འབབ་འཕར་བ་དང་འབྲི་གཡག་རྒྱགས་གསོར་གཙོ་གནད་ཐོག་དམིགས་ནས་ཚན་རྩལ་གསར་གཏོད་བྱེད་པ། སྣ་ཁ་ཞིབ་འཇུག་གསར་སྤེལ་དང་། སོན་བཟང་འདེམས་གསོ། མི་ཐབས་ལ་བརྟེན་པའི་རྩྭ་འདེབས། གཞི་ཁྱོན་ལྡན་པའི་ནུས་ཆེའི་འདེབས་གསོ་སོགས་ཀྱི་ཚན་རྩལ་འགག་སྒྲོལ་གནད་སྨིན་ལག་བསྟར་གྱིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་མཁོ་སྤྲོད་ནུས་པ་དང་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མུ་མཐུད་ཆེ་རུ་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་ཚོད་འཛིན་བཟོ་བའི་འགག་རྩའི་ཁྱབ་ཁོངས་དང་གཙོ་གནད་འཇུར་མིག་གི་ལག་རྩལ་ལ་ཚད་བརྒལ་ཡོང་བའི་བརྩོན་ལེན་བྱས་ནས་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྔོན་ཐོན་གྱི་ཉེར་སྤྱོད་ལག་རྩལ་ཁྱབ་གདལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་ཁྱད་ཆོས་མངོན་གསལ་དོད་པ་དང་། ཁྲོམ་རའི་འགྲན་ནུས་ལྡན་པ། སྤུས་རྟགས་ཀྱི་ཕན་ནུས་ཆེ་བ་བཅས་ཀྱི་ཁྱད་ལྡན་ཐོན་ཟོག་ཁག་གཅིག་གསར་སྤེལ་བྱ་རྒྱུ།

ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རྒྱལ་ཁབ་ཀྱིས་རང་ལྗོངས་སུ་ལག་ལེན་བསྟར་བའི་གཙོ་གནད་ཚན་ཞིབ་རྣམ་གྲངས་ནང་རང་འགུལ་ངང་ཞུགས་ཏེ་རང་སའི་ཚོད་ལྟའི་ལས་སྟེགས་དང་ཚན་ཞིབ་ཤེས་ལྡན་མི་སྣ་དེ་བས་མང་བ“རྒྱལ་ཁབ་ཀྱི་རུ་ཁག”ནང་ཞུགས་རྒྱུའི་བརྩོན་ལེན་བྱ་རྒྱུ། ལྷ་སའི་མཐོ་གསར་ཁུལ་གྱིས“མཐོར་གཏོང་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ”དང་ལྷ་ས་གྲོང་ཁྱེར་གྱིས་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་བྱས་ནས་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ལ་མུ་མཐུད་སྐུལ་མ་གཏོང་བ་དང་ལྷ་ས་གྲོང་ཁྱེར་དུ་གནས་པའི་རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་གྲོང་ཁྱེར་བསྐྲུན་རྒྱུར་སྐུལ་མ་མགྱོགས་པོ་གཏོང་རྒྱུ། རྒྱུན་སྲིང་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ་དང་། ཞིང་ལས་གླིང་། རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་བཅས་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུ་དང་། རང་ལྗོངས་ཀྱི་ཚན་རྩལ་ཁེ་ལས་གསོ་སྤེལ་དང་། ཚན་རྩལ་ཐོན་ལས་གླིང་། སློབ་ཆེན་ཚན་རྩལ་གླིང་བཅས་བསྐྲུན་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱ་རྒྱུ། བོད་ཀྱི་རིག་གནས་གྲངས་གཞི་ཅན་དུ་འགྱུར་རྒྱུའི་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་བསྐྲུན་རྒྱུར་མུ་མཐུད་སྐུལ་མ་གཏོང་རྒྱུ། 《དམངས་ཀྱིས་བྱ་གཞག་སྐྲུན་པ། ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུའི་སྐོར་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》ལག་ལེན་གཏིང་ཟབ་བསྟར་ནས“གཉིས་གཏོད”རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་ལེ་ལག་ཚང་བའི་ཡིག་ཆ་བཏོན་ནས་ཚན་རྩལ་ཁེ་ལས་ཀྱི་དམངས་ཕན་སྲིད་ཇུས་བཟོ་རྒྱུ།

གསར་གཏོད་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཚན་རྩལ་གསར་གཏོད་ཀྱི་ཆེས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཤེས་ལྡན་མི་སྣར་བརྟེན་ནས་བོད་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་ད་ཡོད་ཀྱི་ཤེས་ལྡན་མི་སྣའི་ནུས་པ་གང་ལེགས་འདོན་རྒྱུ། རྒྱལ་ཁབ་ཀྱི“གསར་གཏོད་ཀྱི་ཤེས་ལྡན་མི་སྣའི་སྐུལ་སྤེལ་འཆར་གཞི”དང“མི་སྟོང་གི་འཆར་གཞི”སོགས་ཤེས་ལྡན་མི་སྣའི་འཆར་གཞིའི་འོས་སྦྱོར་ལས་དོན་མུ་མཐུད་ཡག་པོ་སྒྲུབ་རྒྱུ། 2018ལོར་རང་ལྗོངས་ཀྱི“ཁུལ་གསུམ”གྱི་ཤེས་ལྡན་མི་སྣའི་མི་གྲངས་མཐུན་སྦྱོར་ངང་མང་དུ་བཏང་ནས་ནང་སའི་ཚན་རྩལ་ལས་དོན་པས་བོད་སྐྱོར་གྱི་ཐབས་ལམ་བརྒྱུད་བོད་དུ“ཁུལ་གསུམ”གྱི་ཤེས་ལྡན་མི་སྣའི་ཞབས་ཞུའི་ལས་དོན་འཚོལ་ཞིབ་བྱས་ནས་ལག་ལེན་བསྟར་རྒྱུ། ཚན་རྩལ་གྱི་གནད་སྨིན་དབུལ་སྐྱོར་དང་དམངས་འཚོའི་ཚན་རྩལ་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་ཡིན་ཞིང་། ཚན་རྩལ་པའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱས་ནས་ཚན་རྩལ་མི་སྣ་དང་། ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ། ཕ་ཡུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་། ཆེད་ལས་འཛུགས་གཉེར་གྱི་ལག་རྩལ་མཉམ་ལས་རྩ་འཛུགས་བཅས་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས་གནད་སྨིན་དབུལ་སྐྱོར་གྱི་འཐབ་ས་དང་པོར་བསྐྱོད་དེ་ཚན་རྩལ་གྱི་ཞབས་འདེགས་ཞུས་ནས་ལས་གཏོད་རྣམ་པ་དང་ཐེ་ཞུགས་རྣམ་པའི་དབུལ་སྐྱོར་ལ་སྐུལ་མ་གཏོང་རྒྱུ། “ཞིང་ལས་གསར་གཏོད་ལས་སྟེགས”བསྐྲུན་རྒྱུར་སྐུལ་མ་ཧུར་ཐག་བཏང་ནས་འབྲེལ་ཡོད་ཀྱི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་བཟོ་བ་དང་། ཞིང་འབྲོག་ཁུལ་གྱི“གཉིས་གཏོད”ལས་དོན་ལ་སྐུལ་མ་གཏོང་བ། ལས་སྟེགས་ལ་བརྟེན་ནས་ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བྱ་རྒྱུ། དམངས་འཚོའི་ཚན་རྩལ་བཀོད་སྒྲིག་དང་ལག་བསྟར་མུ་མཐུད་དོན་འཁྱོལ་བྱས་ནས་ཚན་རྩལ་གྱི་དམངས་ཕན་ལ་སྐུལ་མ་གཏོང་རྒྱུ།

ཚན་རྩལ་བོད་སྐྱོར་དང་སྤེལ་རེས་ཟབ་ཏུ་གཏོང་རྒྱུ་ཡིན་ཞིང་། རྒྱལ་ནང་གི་གཙོ་གནད་མཐོ་སློབ་དང་། ཚན་ཞིབ་ཁང་། ཕྱི་རྒྱལ་གྱི་ཚན་ཞིབ་སྒྲིག་གཞི་བཅས་དབར་སྤེལ་རེས་དང་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ས་བབ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་སླར་གསོ་དང་སྲུང་སྐྱོང་དང་དེ་བཞིན་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་དང་། བོད་ཀྱི་གསོ་བ་རིག་པ། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་འགག་སྒོ་ལས་སྒྲོལ་རྒྱུ།

སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བསྐྲུན་རྒྱུ་ཡིན་ཞིང་། སྣོད་བཅུད་དཔལ་འབྱོར་དང་། སྣོད་བཅུད་ཐོན་ལས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་དམིགས་ནས་ཚན་རྩལ་གསར་གཏོད་བྱས་ཏེ་ནག་ཆུའི་ཤིང་འཛུགས་རྣམ་གྲངས་བདེ་བླག་ངང་ལག་ལེན་བསྟར་རྒྱུར་རོགས་རམ་ཧུར་ཐག་བྱ་རྒྱུ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པར་སྐུལ་མ་ཧུར་ཐག་གཏོང་རྒྱུ་དེ་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་ཚན་རྩལ་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་ཚན་རིག་རྟོག་ཞིབ་ཀྱི་དགོས་མཁོར་ཞིབ་འཇུག་ཧུར་ཐག་བྱེད་པ་དང་ལྗོངས་ནང་ཁུལ་གྱི་དཔུང་ཁག་སྒྲིག་འཛུགས་བྱས་ནས་ཐེངས་གཉིས་པའི་ཚན་རིག་ཞིབ་འཇུག་ཇུས་གཞིའི་རིགས་པས་ཁུངས་སྐྱེལ་དང་ཚན་རིག་རྟོག་ཞིབ་ཀྱི་ཞིབ་འཇུག་ནང་ཞུགས་རྒྱུ། ལྗོངས་ནང་ཁུལ་གྱི་སྣོད་བཅུད་ཞིབ་འཇུག་གི་སྟོབས་ཤུགས་གཙོ་བོ་བསྡུ་སྒྲིལ་བྱས་ནས་ཆུ་ཚད་མཐོ་བའི་ས་མཐོའི་སྣོད་བཅུད་ཀྱི་ཚན་ཞིབ་ལས་སྟེགས་འཚོལ་ཞིབ་བྱས་ནས་བསྐྲུན་རྒྱུ། སྣོད་བཅུད་བདེ་འཇགས་ཁྱབ་ཁོངས་ཀྱི་རྣམ་གྲངས་ལག་བསྟར་བྱ་རྒྱུར་མུ་མཐུད་སྐུལ་མ་བཏང་སྟེ་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ།

ཚན་རྩལ་ཁྱབ་གདལ་ལས་དོན་ལ་དམ་འཛིན་ནན་པོ་བྱ་རྒྱུ་ཡིན་ཞིང་། ཚན་རིག་ཁྱབ་གདལ་སློབ་གསོ་མུ་མཐུད་ལྟེ་བར་བྱས་ནས་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་ཚན་རིག་ཁྱབ་གདལ་ལ་བརྟེན་ནས་རྨོངས་དད་སེལ་ཏེ་ཚན་རིག་གོང་དུ་བཀུར་བའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་རིང་འདོན་དགོས་ངེས་ཀྱི་ནུས་པ་འདོན་རྒྱུ། ཚན་རིག་ཁྱབ་གདལ་གྱི་འཐབ་ས་བསྐྲུན་རྒྱུ་དང་ཚན་རིག་ཁྱབ་གདལ་གྱི་དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱ་རྒྱུ། ཚན་རྩལ་གྱི་སྒོ་རྩིས་ཚོང་ཁང་འཛུགས་རྒྱུའི་ལས་ཀ་འགོ་བཙུགས་ནས་ལྗོངས་ནང་ཁུལ་གྱི་ཚན་རྩལ་སྒོ་རྩིས་ཚོང་ཁང་གི་ཞབས་ཞུའི་སྤུས་རྟགས་རྩེ་གྲ་གཏོད་རྒྱུར་བརྩོན་ལེན་བྱས་ཏེ་ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་དང་ལག་རྩལ་གསར་པ་དང་ཐོན་ཟོག་གསར་པའི་དཔེ་སྟོན་ཁྱབ་གདལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་ཞེས་བརྗོད་བྱུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།