དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་གསོན་ཤུགས་གསར་པ་འཕེལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-04-25 16:06:11

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་དང་ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་རྒྱུར་བཀོད་སྒྲིག་གལ་ཆེན་བྱས་ཡོད། འོ་ན། རང་ལྗོངས་ཀྱིས་ཇི་ལྟར་བྱས་ནས་ཏང་འཛུགས་སྐྱོང་གི་བླང་བྱ་གསར་པ་དང་བཀོད་སྒྲིག་གསར་པ་ལག་བསྟར་དོན་འཁྱོལ་བྱེད་དགོས་སམ། གནད་དོན་དེར་དམིགས་ནས་གསར་འགོད་པས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་སྒྲིག་ཁོངས་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲུང་ཁྲུང་ཏུང་ལ་བཅར་འདྲི་ཞུས་པ་ཡིན།

“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རིམ་ཁག་རྩ་འཛུགས་སྒྲིག་ཁོངས་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད་ལ་ང་ཚོའི་འགན་འཁྲི་གཙོ་བོ་དང་ལས་དོན་གཙོ་བོ་དེ་རེད”ཀྲུང་ཁྲུང་ཏུང་གིས“ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པ།

ཆབ་སྲིད་ཀྱི་འགན་འཁྲི་ཤུགས་ཆེར་བཏང་སྟེ་བྱས་པའི་རྗེས་དང་དྲུད་པའི་ཤུལ་གྱི་སྙིང་རུས་ལ་བརྟེན་ནས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས”ཞེས་བཤད།

ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་དགོས། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་རྩ་འཛུགས་ལས་དོན་གྱི་སྲོག་རྩ་ཁོང་དུ་བརྟན་པོར་ཆུད་པ་དང་རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བའི་སྤྱིའི་རྩ་དོན་བརྟན་པོར་བསྲུངས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་བབ་ཨང་དང་པོར་བཞག་ནས་ཏང་ཡོན་ལས་བྱེད་པས“འདུ་ཤེས་བཞི”བརྟན་པོ་འཆང་བར་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྔར་བས་རང་རྟོགས་ངང་སྲུང་སྐྱོང་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྔར་བས་རང་རྟོགས་ངང་སྲུང་སྐྱོང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་སྔར་བས་རང་རྟོགས་ངང་སྲུང་སྐྱོང་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་ཏང་ཡོན་ལས་བྱེད་པར་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་སོགས་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་ཀྱི་ལངས་ཕྱོགས་སྔར་བས་བརྟན་དུ་གཏོང་བ་དང་དར་ཆ་སྔར་བས་ཁ་གསལ་དུ་གཏོང་བའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ནས་འགོ་བཙུགས་ཏེ་ཏང་གིས་ལས་བྱེད་པར་དོ་དམ་དང་རྩ་འཛུགས་ཀྱིས་མི་སྣ་འདེམས་རྒྱུ་མཐའ་འཁྱོངས་ཀྱིས《ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ལས་དོན་གྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་པུའུ་ཀྲང་ཁྲེན་ཤིས་ཀྱིས་བཏོན་གནང་བའི“ལྟ་བ་ལྔ་དང་མི་དགོས་པ་ལྔའི”བླང་བྱ་ལྟར་ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བུད་མེད་ལས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཡུན་རིང་བོད་དུ་ལས་ཀ་བྱེད་མཁན་གྱི་རྒྱ་རིགས་ལས་བྱེད་པ། བོད་སྐྱོར་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་བཅས་གསོ་སྐྱོང་དང་གདམ་གསེས་བྱེད་པའི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་བསྒྲུབས་ནས་ཡུན་རིང་གཞི་རིམ་དང་དཀའ་ཚེགས་ཆེ་ལ་ཐག་རིང་ལུང་ཁུག་ས་ཁུལ་དུ་ལས་ཀ་བྱེད་མཁན་རྒྱ་རིགས་ལས་བྱེད་པ་བློ་ཁོག་ཆེན་པོས་གསོ་སྐྱོང་དང་བེད་སྤྱོད་བྱེད་དགོས་པ་དང་། ལས་བྱེད་པར་ཆབ་སྲིད་ཀྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆེད་ལས་ཀྱི་ཤེས་བྱ་དང་། ཆེད་ལས་ཀྱི་འཇོན་ཐང་། ཆེད་ལས་ཀྱི་སྤྱོད་ཚུལ། ཆེད་ལས་ཀྱི་སྙིང་སྟོབས་བཅས་ཆེ་རུ་བཏང་ནས་སྲིད་སྐྱོང་གི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པ། དོ་དམ་ནན་པོ་དང་བརྩེ་སེམས་ཟབ་མོ་ཟུང་འབྲེལ་དང་ཡར་སྐུལ་དང་གཅུན་སྡོམ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་ལས་བྱེད་པ་མཐའ་མཚམས་སུ་གཞིས་ཆགས་པ་དང་བོད་ལ་ལེགས་སྐྱེས་འབུལ་བའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་དགོས།

ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས། སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་ཚད་གཞི་ཅན་གྱིས་ཚད་ལྡན་ཅན་ལ་སྣེ་ཁྲིད་ནས་ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་དུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སློབ་སྦྱོང་གི་རྣམ་པ་དང་། ཞབས་ཞུའི་རྣམ་པ། གསར་གཏོད་ཀྱི་རྣམ་པ། སྣེ་ཁྲིད་ཀྱི་རྣམ་པ། འཐབ་འཛིང་གི་རྣམ་པ་བཅས་ཀྱི་ཏང་རྩ་འཛུགས་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བཅས་བྱས་ནས་ཏང་གི་བོད་དུ་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞི་དང་། གྲལ་རིམ་གྱི་རྨང་གཞི། མང་ཚོགས་ཀྱི་རྨང་གཞི་བཅས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

ཤེས་ལྡན་པའི་ཞན་ཆ་གང་མགྱོགས་གསབ་དགོས་ཤིང་། ཏང་གིས་ཤེས་ལྡན་པར་དོ་དམ་བྱེད་པ་མཐའ་འཁྱོངས་དང་མིག་སྔའི་གཙོ་གནད་ལས་དོན་ལ་དམིགས་ཏེ་ཤེས་ལྡན་པའི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱིས་སྣེ་ཁྲིད་དང་ཆབ་སྲིད་ཀྱིས་བསྡུ་ལེན་ལ་དམ་འཛིན། ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་ལ་དམ་འཛིན། ཤེས་ལྡན་པའི་ནུས་པ་འདོན་རྒྱུར་དམ་འཛིན། སྤྱི་འདོམས་མཐུན་སྦྱོར་དང་། སྡེ་ཚན་གྱི་རོགས་ལས། གོང་འོག་མཉམ་འགུལ་བཅས་ལ་དམ་འཛིན་བྱས་ནས་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་མཐའ་སྐྱོང་བོད་བརྟན་གྱི་ལག་ལེན་ཆེན་པོར་གཅིག་སྡུད་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།