དམ་བཅའ་བཞག་པ་ཞིག་གི་ཆེད་དུ་ལོ་སོ་ལྔ་བརྟན་སྲུང་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-07-05 12:04:49

ལོ་35ཡི་རིང་དམ་བཅའ་བཞག་པའི་ཟླ་བས་ཏང་རྩ་འཛུགས་དང་མང་ཚོགས་ལ་བློ་ཡིད་ཚིམ་པའི་ལན་རེ་རེ་བརྒྱབ་པ་སྟེ། 2016ལོར་དགུན་ཚང་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་695.13ཟིན་པ་དང་ཞིང་འབྲོག་པའི་མང་ཚོགས་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་13325ཟིན་ཏེ་མི་རེའི་ཆ་སྙོམས་ཡོང་འབབ་ལོ་35ཡི་གོང་ལས་ལྡབ་32འཕར་བ་དང་། མི་འབོར་ཡང་ལོ་35ཡི་གོང་གི་དུད་ཚང་24ཡི་མི་གྲངས་61ནས་དུད་ཚང་74ཡི་མི་གྲངས་313བར་མང་དུ་ཕྱིན་པ། ཏང་ཡོན་ལོ་35ཡི་གོང་གི་1ནས་ད་ལྟའི་35བར་མང་དུ་ཕྱིན་པ་ལ་སོགས་རེད།

དམ་བཅའ་བཞག་པ་དེ་འགན་ཁུར་བ་ཞིག་ཡིན་པས་ངེས་པར་དུ་ཏང་གི་སྲིད་ཇུས་ཞིང་འབྲོག་ཁུལ་དུ་དོན་འཁྱོལ་ཐུབ་པ་བྱེད་དགོས།

གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ནི་མི་དམངས་མང་ཚོགས་དང་ཐག་ཉེ་ཤོས་ཀྱི་དཔོན་ཆུང་ཞིག་ཡིན་རུང་ལས་འགན་ལྕི་པོ་ཡོད། དེ་ཏང་གི་སྲིད་ཇུས་གཞི་རིམ་དུ་དོན་འཁྱོལ་བྱེད་པའི་ཕན་འབྲས་དང་འབྲེལ་བ་ཐད་ཀར་ཡོད། རང་འགུལ་ངང་འགན་འཁྲི་ཁུར་བ་དང་བྱས་རྗེས་བཞག་ཚེ་སྲིད་གཞུང་དང་མང་ཚོགས་དབར་འབྲེལ་བ་བྱེད་པའི་ཟམ་པ་ལྟ་བུའི་ནུས་པ་ཐོན་ཐུབ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་རིམ་ཁག་སྲིད་གཞུང་གིས་སྣོད་བཅུད་སྲུང་སྐྱོང་གི་ལས་དོན་ལ་མཐོང་ཆེན་གནང་བ་དང་བསྟུན་ནས་དགུང་ཚང་གྲོང་ཚོས་ཀྱང་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་མང་ཚོགས་ཀྱིས་ནགས་ཤིང་ལྐོག་གཅོད་བྱ་རྒྱུ་གཏན་འགོག་བྱས་ཡོད།

ཟླ་བས“‘སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་ཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན’སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱས་ཚེ་དགུན་ཚང་གྲོང་ཚོར་གཞི་ནས་རྒྱུན་མཐུད་འཕེལ་རྒྱས་ཐུབ་པས་སྲོལ་ངན་སྒྱུར་དགོས་ལ་ནད་དུག་ཀྱང་སེལ་ཐུབ་རྒྱུའི”ཡིད་ཆེས་བྱེད་ཀྱི་ཡོད།

རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་ལག་ལེན་བསྟར་ཚུན་ཁོང་གིས་མང་ཚོགས་ལ་བསམ་བློའི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་དེ་སྔ་དགུན་ཚང་གྲོག་རོང་དུ་ཟླ་གསུམ་རིང་སྡོད་བྱ་བྱས་ནས་བསྡད་པ་དང་ལག་སོག་དང་རང་དགར་རི་སྟེང་ནས་ཤིང་ལྐོག་གཅོད་བྱེད་མཁན་མང་ཚོགས་ལ་ཁ་ཏ་བསླབ་བྱ་བྱེད་པ་དང་བཤད་ནས་མ་ཉན་པ་དང་ཨུ་ཚུགས་མཐའ་སྐྱེལ་བྱེད་མཁན་རིགས་འཕྲལ་མར་ཤང་སྲིད་གཞུང་དང་ནགས་ལས་གཙོ་གཉེར་སྡེ་ཚན་ལ་ཐད་ཀར་ཐག་གཅོད་བྱ་རྒྱུའི་སྙན་སེང་ཞུ་ཡི་ཡོད།

ནགས་ཁུལ་མང་ཚོགས་ཀྱི་ལོ་བཅུ་ཕྲག་ཁ་ཤས་རིར་བརྟེན་ནས་ཡོང་འབབ་གསོག་པར་འགོག་རྐྱེན་བཟོས་པ་དེ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་གནས་སྐབས་ཁེ་ཕན་དང་འབྲེལ་བ་ཡོད།

2010ལོའི་ཟླ་11པའི་མཚན་དགུང་ཞིག་ཏུ་ཕྱི་རོལ་གྱི་སྐད་སྒྲ་ཟང་ཟིང་གིས་རྨི་ལམ་གྱི་ཞིང་ཁམས་སུ་ཚུད་པའི་ཟླ་བ་གཉིད་ལས་བསད། ཁོང་གིས་མིག་གདང་མ་བཙུམ་ངང་སྒེའུ་ཁུང་ཕྱི་རོལ་དུ་ལྟ་སྐབས་མེ་མཆེད་པ་མཐོང་མ་ཐག་ཁོང་གིས་ནང་མི་ལྔ་སྐད་བཏང་བ་དང་སྦྲགས་ལོ་ལྔ་ལ་སླེབས་པའི་ཚ་མོ་པང་དུ་འཁྱེར་ནས་སྟག་སྒོ་ནས་སྒོ་རའི་ནང་བསྐྱོད།

“དེ་ནི་ངན་སེམས་ཀྱིས་འཁོན་ལན་སློག་པ་ཞིག་རེད”ཅེས་སྐབས་དེ་དུས་དགུན་ཚང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ད་ཆ་བྲག་ཡིབ་ཆུས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཡིན་པའི་ཀྲའོ་ཀྲེང་ཆོན་གྱིས་དྲན་གསོ་བྱས་ཏེ་བཤད།

གནད་དོན་ཐོན་རྗེས་ཟླ་བས་ཁོང་ལ་སེམས་གསོ་གཏོང་བར་ཡོང་བའི་ཤང་གི་འགོ་ཁྲིད་ལ“ཏང་གི་རྒྱབ་རྩ་དང་བཅའ་ཁྲིམས་ཀྱི་འགན་ལེན་ཡོད་པས་འཇིགས་སྐྲག་དང་དཀའ་ངལ་ག་ཚོད་ཡོད་རུང་སྐྲག་དགོས་དོན་མེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ངོས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ཞིང་འབྲོག་ཁུལ་དུ་ངེས་པར་དུ་དོན་འཁྱོལ་བྱེད་དགོས་ངེས་རེད་ཅེས་བཤད། ལོ་དེའི་ལོ་མཇུག་ཏུ་དགུན་ཚང་གྲོང་ཚོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་ནགས་སྲིད་དོ་དམ་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་ལ་བདམས་པ་རེད”

དམ་བཅའ་བཞག་པ་ནི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་ཞིག་ཡིན་པས་ངེས་པར་དུ་གྲོང་ཚོའི་མཉམ་སྡེབ་ཁྱིམ་ཚང་དུ་བརྩི་བ་དང་མང་ཚོགས་ནང་མིར་བརྩི་དགོས།

དགུན་ཚང་གྲོང་ཚོར་མི་མང་ལ་གནད་དོན་ཐོན་མང་བ་ཞིག་ཡོད། ཟླ་བར་གྲོང་ཚོའི་འཕེལ་རྒྱས་ཀྱི་འགུལ་ཤུགས་མི་འདང་བའི་རྒྱུ་རྐྱེན་གཙོ་བོ་ནི་མི་སེམས་གཅིག་ཏུ་བསྡུ་མི་ཐུབ་པ་དང་གྲོང་ཚོའི་ཏང་ཀྲི་པུའི་སྣེ་འཁྲིད་ནུས་པ་ཤུགས་ཆེན་པོ་མེད་པས་ཡིན་པ་དང་གྲོང་ཚོ་འཕེལ་རྒྱས་གཏོང་བར་དང་ཐོག་ཀྲི་པུའུ་སྟོབས་ཆེར་གཏོང་དགོས་པ་དང་མི་སེམས་གཅིག་ཏུ་བསྡུ་ཐུབ་པ་བྱེད་དགོས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་མང་ཚོགས་ཁྱིམ་བདག་ལ་བརྩི་བ་དང་མང་ཚོགས་ཀྱིས་མཉམ་སྡེབ་ཁྱིམ་ཚང་དུ་བརྩིས་ཚེ་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་དོན་གཉེར་བྱེད་ཐུབ་པའི་ངོས་འཛིན་བྱུང་ཡོད།

2013ལོའི་ཟླ་5པར་ལྗོངས་ཡོངས་སུ་དུད་སྦྲེལ་དུས་བདེ་དང་དུད་སྦྲེལ་འབབ་འཕར་གཉིས་ནང་དོན་གཙོ་བོར་བྱས་པའི་སྔོན་ཐོན“གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོ་སྤེལ་ཡོད། ཟླ་བས་ཏང་ཡོན་6“གཉིས་ལྡན་དུད་སྦྲེལ”6གི་སྤྱི་མིར་འོས་སྦྱོར་བྱས་པ་མ་ཟད“གཉིས་ལྡན་དུད་སྦྲེལ”གྱི་ཚན་པ་ཚང་མར་ཏང་ཚོགས་ཆུང་བཙུགས་ཏེ་དུད་སྦྲེལ་ཚན་པས་ཐུན་མོང་ཐོག་ཏང་འཛུགས་སྐྱོང་དང་། བརྟན་ལྷིང་སྲུང་སྐྱོང་ལ་དམ་འཛིན། འཕེལ་རྒྱས་ལ་དམ་འཛིན་བཅས་བྱས་པ་བརྒྱུད་ལེགས་ཆ་ཕན་གསབ་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱས་ཏེ་གྲོང་ཚོ་དེ་ཡོངས་ཤེས་དཔལ་འཕེལ་རྒྱས་ཡར་ཐོན་ཕྱོགས་སུ་སྣེ་འཁྲིད་པས་གྲོང་ཚོ་དེ་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དང་། “གཉིས་ལྡན་དུད་སྦྲེལ”གྱི་དོ་དམ་ལས་དོན་ཐོག་མཐའ་བར་གསུམ་དུ་བྲག་ཡིབ་ཆུས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཉེ་བའི་ལོ་8རིང་དགུང་ཚང་གྲོང་ཚོའི་ཏང་ཀྲི་པུའུ་བྲག་ཡིབ་ཆུས་ཨུད་དང་དགུན་ཚང་ཤང་ཏང་ཨུད་ཀྱིས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་ཐེངས་ལྔ་བདམས་ཡོད། འདི་ལོ་མང་ཚོགས་11གིས་གྲོང་ཚོའི་ཏང་ཀྲི་པུའུ་ལ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་བས་མིག་སྔར་མི་གྲངས་10ཏང་ཞུགས་ཧུར་བརྩོན་ཅན་གྱི་རྟོག་ཞིབ་གསོ་སྐྱོང་བྱ་ཡུལ་ནང་བཅུག་ཡོད།

2014ལོའི་ཟླ་5པའི་ཟླ་འགོར་ལོ་33ལ་སླེབས་པའི་མང་ཚོགས་ཏང་ཡོན་པད་མ་གཡུ་སྒྲོན་ལ་ནད་དུག་རང་བཞིན་གྱི་མཆིན་ཚད་དང་མཆིན་པ་སྲ་འགྱུར་གྱི་ནད་ཕོག་པ་དང་གྲོད་ཁོག་ནང་ཆུ་མང་པོ་བསགས་པའི་ནད་རྟགས་དཔྱད། ལོ་འགའ་ཤས་ནང་སྨན་ཁང་བསྟེན་པར་སྒོར་ཁྲི་60ལྷག་ཙམ་བཏང་བ་དང་སྨན་རིན་རྩིས་ཞུ་ཐུབ་པ་ཕུད། ཁྱིམ་ནས་སྒོར་ཁྲི་30ལྷག་ཙམ་བཏང་བས་ཁྱིམ་མི་5པོ་དེ་དག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར།

ལས་དོན་སྤེལ་སྐབས་ཏང་ཡོན་ལ་བརྟེན་དགོས་པ་དང་། ཏང་ཡོན་ལ་དཀའ་ངལ་ཡོད་སྐབས་རྩ་འཛུགས་ལ་བརྟེན་དགོས། 2014ལོ་ནས་བཟུང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ལོ་ལྟར“བདུན་གཅིག”སྐབས་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་པད་མ་གཡུ་སྒྲོན་ལ་ཞལ་འདེབས་རྒྱག་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་མངགས་གཏོང་ཚན་པར་དགེ་སྒྲུབ་དངུལ་སློང་བ་མ་ཟད། གོང་རིམ་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བརྒྱུད་པད་མ་གཡུ་སྒྲོན་གྲོང་ཚོ་ཨུ་ལྷན་གྱི་རྩིས་པ་བྱེད་དུ་བཅུག་ཡོད། ལོ་ཁ་ཤས་སོང་རྗེས་དགུན་ཚང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་པད་མ་གཡུ་སྒྲོན་ལ་ཞལ་འདེབས་སྣ་ཚོགས་སྒོར་ཁྲི་6.7ཙམ་སློང་ཐུབ་པ་བྱུང་བ་དང་ལྷག་པར་དུ་ཁོང་སྨན་བཅོས་བྱེད་རིང་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཀྱིས་རང་རྟོགས་ངང་ཁོང་ཁྱིམ་གྱི་ས་ཞིང་མུའུ་20གཡོག་བྱེད་བྱེད་རོགས་བྱས་ཡོད།

རྩ་འཛུགས་ཀྱི་དོ་ཁུར་དང་གྲོང་མིའི་རོགས་རམ་འོག་པད་མ་གཡུ་སྒྲོན་གྱི་ཡིད་ཆེས་འཕེལ་ནས་སྨན་བཅོས་ལ་གཞོགས་འདེགས་ཧུར་ཐག་དང་ལས་ཀ་ནུས་ཤུགས་ཡོད་རྒུས་སྒྲུབ་སྟབས་ནད་གཞི་རིམ་གྱིས་དྲག་སྐྱེད་བྱུང་བ་དང་ཁོང་གིས་འགན་ཁུར་བའི་རྩིས་ཁྲའི་གཏོང་ཡོང་ལུགས་མཐུན་དང་ཚད་ལྡན་བྱུང་ནས་དངུལ་དང་དངོས་པོ་གཅིག་ཀྱང་ཆད་ལུས་མེད་པས། མང་ཚོགས་ཀྱི་ཡིད་ཆེས་ཆེན་པོ་ཐོབ་ཡོད།

དམ་བཅའ་བཞག་པ་ནི་སྣེ་ཁྲིད་པ་ཞིག་ཡིན་པས་ངེས་པར་དུ་མིག་རྒྱང་རིང་པོར་བརྟེན་ནས་གྲོང་ཚོའི་འཕེལ་རྒྱས་ཀྱི་ལམ་བུ་འཆར་འགོད་བྱེད་དགོས།

“རི་ཁའི་ལྟོ་རྟེན་རི”ཡིན་པས་ཡུལ་དེ་རང་གི་ཐོན་ཁུངས་ལ་བརྟེན་དགོས་པའི་ཡུལ་མི་རྣམས་ཀྱི་བསམ་བློ་དོར་ཐུབ་པ་བྱུང་བ་དང་གྲོང་ཚོའི་ཏང་ཀྲི་པུའི་གོང་བུ་སྒྲིལ་ཤུགས་ཆེ་རུ་སོང་ཡང་གྲོང་ཚོ་འཕེལ་རྒྱས་ཀྱི་གནད་དོན་ད་དུང་ཐག་གཅོད་ཐུབ་མེད། ཟླ་བས་དེ་ཙམ་དུ་མཚམས་འཇོག་བྱེད་འདོད་མེད་པར་གྲོང་ཚོའི་ཕུགས་ཀྱི་འཕེལ་རྒྱས་གཏོང་ཕྱོགས་འཆར་འགོད་བྱེད་པར་གཞོལ་བཞིན་མཆིས།

2010ལོར། ཟླ་བས་གསར་འགྱུར་ནང་ནས་ས་ཁུལ་དང་རྫོང་སྲིད་གཞུང་གིས་མང་ཚོགས་ཀྱི་དྲོད་ཁང་ཆེན་མོའི་སྔོ་ཚལ་འདེབས་འཛུགས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་ཤེས་རྗེས་ས་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་དང་ཕྱོགས་མང་མཐུན་སྦྱོར་བྱས་རྗེས་མ་དངུལ་སྒོར་ཁྲི་300ལྷག་ཙམ་རག་པ་དེས་དགུན་ཚང་གྲོང་ཚོའི་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་མདོར་མུའུ་25ཟིན་པའི་གྲོང་ཚོའི་སྔོ་ཚལ་དང་ཤིང་ཏོག་གི་དྲོད་ཁང་ཆེན་མོ་32བརྒྱབ་ནས་ཀུ་ཤུའི་སྡོང་པོ་དང་། ཁམ་སྡོང་། སྟར་སྡོང་བཅས་རྐང་1000ལྷག་ཙམ་བཙུགས་ཡོད།

འཕེལ་རྒྱས་ལ་ཕན་པ་དང་། ཕུགས་ལ་དམིགས་པ། འབྱུང་འགྱུར་ལ་ཕན་པ་བཅས་ཀྱི་བྱ་བཟང་དེ་མང་ཚོགས་ཚོས་དེ་ཙམ་དང་ལེན་མི་བྱེད་པ་དང་འདེབས་འདོད་བྱེད་ཀྱི་མེད། ཟླ་བས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཏང་ཡོན་32སྐུལ་སློང་བྱས་ཏེ་ལས་ཀ་ཚང་མ་འགན་བླངས་པ་དང་། རྫོང་ཞིང་འབྲོག་ཅུས་ནས་ལག་རྩལ་པ་གདན་དྲངས་ཏེ་ཞིང་ཁ་དང་དྲོད་ཁང་ནང་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་བྱས་པས་རྒུན་འབྲུམ་ལྗང་ཁུ་དང་། སུར་པན། ཞོག་ཁོག་སོགས་སྔོ་ཚལ་དང་ཤིང་ཏོག་སྣ་ཁ་ཁ་ཤས་འདེབས་ཐུབ་པ་བྱུང་ཡོད། ལག་རྩལ་ཤེས་པ་དང་། ཐོན་འབབ་མང་བ། ཕན་འབྲས་ཆེ་བ་བཅས་ཡོད་སྟབས་མང་ཚོགས་ཚོས་ཧབ་ཐོབ་ཤིག་ཤིག་ངང་སྔོ་ཚལ་དང་ཤིང་འབྲས་འདེབས་འགོ་ཚུགས། ན་ནིང་ཁོ་ནར་སྒྲོལ་དཀར་སོགས་དུད་ཚང་8ཀྱི་གྲོང་མིས་བཏབ་པའི་རྒུན་འབྲུམ་ལྗང་ཁུར་ཐོན་རྫས་རིན་ཐང་སྒོར་ཁྲི་2.5བྱུང་བ་དང་། སྔོ་ཚལ་དྲོད་ཁང་ཆེན་མོས་དུད་ཚང་རེར་ཡོང་འབབ་འཕར་མ་སྒོར་2000ལྷག་ཙམ་ཡོང་བར་ཁྲིད་སྟོན་ཐུབ་ཡོད། འདི་ལོ་ཀུ་ཤུའི་སྡོང་པོ་དང་ཁམ་བུའི་སྡོང་པོར་འབྲས་བུ་བཏགས་ཟིན་པ་དང་སྔོན་དཔག་བྱས་ན་མང་ཚོགས་དུད་ཚང་རེར་ཡོང་འབབ་འཕར་མ་སྒོར་1500ཡོང་རྒྱུ་རེད།

སློབ་གསོར་མཐོང་ཆེན་བྱེད་པ་ནི་གྲོང་ཚོའི་འབྱུང་འགྱུར་འཕེལ་རྒྱས་ལ་མཐོང་ཆེན་བྱས་པ་དང་གཉིས་སུ་མེད། 2011ལོ་ནས་བཟུང་ཟླ་བའི་འབོད་སྐུལ་འོག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་དྲུག་ཏུ་སློབ་གསོའི་རོགས་སྐྱོར་བྱ་རྒྱུ་དེ《གྲོང་སྲོལ་དམངས་ཆིངས》ནང་བྲིས་པ་དང་། སློབ་ཆེན་དང་། ཆེད་ཚན། མཐོ་འབྲིང་། ནང་སའི་འཛིན་གྲྭ་བཅས་ལ་ཚུད་པའི་སློབ་མ་ཡིན་ཕྱིན་རིམ་ཁག་སྲིད་གཞུང་དང་ཚན་པས་གནང་བའི་སྲིད་ཇུས་ཀྱི་བྱ་དགའ་དང་ཁ་གསབ་སྣ་ཚོགས་ལོངས་སྤྱོད་བྱ་རྒྱུ་ཡོད་པ་ཕུད། ད་དུང་གྲོང་ཚོ་ནས་ཁག་སོ་སོར་བྱ་དགའ་སྤྲད་ཡོད། ལོ་6ལྷག་ཙམ་རིང་གྲོང་ཚོའི་ནང་ནས་སློབ་ཆེན་སློབ་མ་11ཐོན་པའི་ཁྲོད་སློབ་མ་8སྲིད་གཞུང་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ལ་ལས་ཀ་བྱེད་པ་དང་ད་དུང་སློབ་མ་4འདི་ལོ་མཐོ་རྒྱུགས་ནང་ཞུགས་ཡོད།

དབུལ་སྒྲོལ་ལས་དོན་སྒྲུབ་སྐབས་མི་གཅིག་ཀྱང་མ་ལུས་པ་བྱེད་དགོས། དབུལ་སྐྱོར་འགག་སྒྲོལ་ལས་ཀ་སྤེལ་བ་ནས་བཟུང་། རྫོང་དང་ཤང་གིས་དུད་ཚང་13དང་མི་གྲངས་40ལ་གནད་སྨིན་དབུལ་སྐྱོར་བྱ་རྒྱུའི་ལས་འགན་གཏན་འཁེལ་བྱས་ཡོད། ཟླ་བས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་ཡུལ་བབ་དང་བསྟུན་ནས་རོགས་སྐྱོར་འཆར་གཞི་བཟོས་པ་དང་། དབུལ་སྐྱོར་ཆེད་དོན་མ་དངུལ་བསྡོམས་སྒོར་ཁྲི་120ལྷག་ཙམ་བརྩོན་ལེན་བྱས་ཏེ་དུད་ཚང་དབུལ་པོ་གཉིས་ལ་ཁང་པ་གསར་པ་བརྒྱབ་པ་དང་དུད་ཚང་དབུལ་པོ་8ལ་བོད་བྱ་དང་བོད་ཕག་གསོ་ཚགས་ར་བ་བཙུགས་པ། གནད་སྨིན་དབུལ་སྐྱོར་བྱ་ཡུལ་18ལ་ཆུ་སྲུང་བ་དང་། ནགས་སྲུང་བ། ཉ་སྲུང་བ་སོགས་ཀྱི་ལས་ཀ་བཙལ་བ། འཚོ་བ་རང་རྐྱ་མ་འཕེར་བའི་འགན་ལེན་ལྔའི་དུད་ཚང་གི་མི་གྲངས་3བྲག་ཡིབ་ཆུས་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་བསྐྱལ་ནས་ཁོང་ཚོའི་ཚེ་མཇུག་བདེ་སྐྱིད་ཡོང་བ་བྱས་ཡོད། 2017ལོའི་ལོ་སྟོད་དུ་བོད་བྱ་གསོ་ཚགས་ར་བ་ནས་ཐོན་རྫས་རིན་ཐང་གི་ཕན་འབྲས་སྒོར་ཁྲི་6.5བྱུང་ནས་གནད་སྨིན་དབུལ་སྐྱོར་བྱ་ཡུལ་དུད་ཚང་མི་རེ་ངོ་རེར་ཁེ་བཟང་སྒོར་7500བྱུང་ཡོད།

དགུན་ཚང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བྱས་ནས་ལོ་གཉིས་ལྷག་ཙམ་སོང་བའི་ཚེ་རིང་སྒྲོལ་མས“ཧྲུའུ་ཅི་ཟླ་བ་ལགས་ལོ་35ལྷག་ཙམ་འགོ་ཁྲིད་གནང་རིང་གི་མྱོང་བ་ནི་དགུན་ཚང་གྲོང་ཚོའི‘ཚིག་མཛོད་ཆེན་མོ’ཞིག་དང་འདྲ་བར་གནས་ཚུལ་ཆེ་འབྲིང་ཆུང་གསུམ་ཚང་མ་སེམས་ནང་བརྟན་པོ་ངེས་ཡོད་པས། གྲོང་ཚོ་ཡོངས་ལ་ཐག་གཅོད་མ་ཐུབ་པའི་གནས་ཚུལ་དང་། ངོ་མ་ཤེས་པའི་མི། རྒྱུས་མངའ་མེད་པའི་གནས་ཚུལ་བཅས་མེད་ལ། བསྐྱོད་མ་མྱོང་བའི་ཁྱིམ་ཚང་གཅིག་ཀྱང་མེད”ཅེས་མྱོང་བ་ཟབ་མོས་བཤད།

གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཨུ་ཡོན་ཚེ་དབང་ནོར་བུས་ཟླ་བ་དང་མཉམ་དུ་ལས་ཀ་བྱས་ནས་ལོ་12སོང་བ་དང་ཁོང་གིས་ཟླ་བ་ལགས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་ཉིན་མོ་གཅིག་ལྟར་དཀའ་སྤྱད་ལས་བརྩོན་བྱས་པ་མཐོང་བ་དང་དེས་ཁོང་ལ་སེམས་འགུལ་ཚད་མེད་ཐེབས་ཡོད། ཁོང་གིས“དགུན་ཚང་གྲོང་ཚོ་མེ་འཁོར་ཞིག་ལ་ཆ་བཞག་ན་ཧྲུའུ་ཅི་ཟླ་བ་ལགས་ནི་མེ་འཁོར་གྱི་མགོ་ཡིན་ཞིང་། ལོ་གཅིག་དུས་བཞི་ཚ་གདུག་དང་གྲང་ངར་གང་ལའང་མ་བལྟོས་པར་ཐོག་མཐའ་བར་གསུམ་དུ་འབྱུང་འགྱུར་གྱི་དམིགས་ཚད་ལ་ཕྱོགས་ཏེ་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད”ཅེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།