ཁུ་ཁུ་ཤིས་རིར་ཐུར་ལྟ་བྱེད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2016-12-08 11:54:38

QQ截图20161208115320.png

འདི་ནི་ཟླ་12ཚེས་1ཉིན་གནམ་གྲུའི་ཐོག་ནས་བླངས་པའི་ཁུ་ཁུ་ཤིས་རིའི་པར་ཡིན་པ།

མཚོ་སྔོན་ཁུ་ཁུ་ཤིས་རི་སྲུང་སྐྱོང་ཁུལ་དུ་མཚེའུ་མང་བས་མཁའ་དབྱིངས་ནས་ཐུར་ལྟ་བྱེད་སྐབས་མུ་མཐའ་མེད་པའི་ཐང་སྟོང་དུ་རྡོ་རྗེ་ཕ་ལམ་ཕྲ་ཚོམ་བཏབ་པ་ལྟར་སྣང་། མཚོ་བོད་ས་མཐོའི་དཀྱིལ་དབུས་སུ་གནས་པའི་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་4.5ཡོད་པ་དང་ཆ་སྙོམས་ས་བབ་སྨི་4600ལྷག་ཙམ་ཡོད་པ་དེ་ནི་རྒྱལ་ནང་གི་ས་བབ་མཐོ་ཤོས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲས་ཤིག་ཡིན། དེར་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་230ལྷག་ཙམ་ཡོད་པས“འཛམ་གླིང་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གཞི་གྱིན་མཛོད”ཅེས་པའང་འབོད་ཀྱི་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།