གཞིས་ལུས་བྱིས་པར་མཉམ་དུ་བྱམས་སྐྱོང་བྱེད།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-11-07 10:55:17

QQ截图20191107102636.png

རྒྱལ་ཁབ་ཀྱི་གཞིས་ལུས་བྱིས་པར་བྱམས་སྐྱོང་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།  སྤྱི་ཚོགས་ཀྱི་འགན་འཁྲི་མུ་མཐུད་ལག་བསྟར་དང་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་བྱམས་སྐྱོང་དང་སྲུང་སྐྱོང་གཏིང་ཟབ་བྱ་ཆེད།  ཉེ་ཆར་ཀྲུང་གོ་འཛུགས་སྐྲུན་ཚོགས་པའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་བྱམས་སྐྱོང་དང་སྲུང་སྐྱོང་བྱེད་མཁན་དང་བླངས་པའི་སྒྲོག་འགྲེལ་བྱེད་སྒོ་ཐེངས་79པ་སྟེ།  ཀྲུང་གོ་འཛུགས་སྐྲུན་འགྲིམ་འགྲུལ་བོད་ལྗོངས་ཀུང་སིའི་ཡན་ལག་ཚོགས་རའི་ཚོགས་འདུ་བོད་ལྗོངས་རིག་གནས་རླུང་འཕྲིན་གློག་བརྙན་སྒྱུ་རྩལ་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་གཉེར་ཡུལ་དུ་འཚོགས་པ་རེད།

ཉེ་ཆར་ཀྲུང་གོ་འཛུགས་སྐྲུན་ཚོགས་པས་གཅེས་སེམས་ཀྱི་བྱེད་སྒོ་སླར་ཡང་སྤེལ་འགོ་ཚུགས་པ་དང་།  སྒྲོག་འགྲེལ་བྱེད་སྒོ་སྤེལ་རིང་ཨར་སྐྲུན་ལས་ཡུལ་100རུ་བསྐྱོད་རྒྱུ་རེད།  དེ་ཉིན་སྤེལ་བའི་སྒྲོག་འགྲེལ་བྱེད་སྒོ་དེ་ཀྲུང་གོ་འཛུགས་སྐྲུན་འགྲིམ་འགྲུལ་གྱིས་བོད་རང་སྐྱོང་ལྗོངས་སུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཐེངས་དང་པོ་དེ་ཡིན་ཞིང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།