ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་སྦྱར་ཡིག

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-10-09 12:54:10

QQ截图20191009123735.png

↑ ཟླ་10ཚེས་7ཉིན།  གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་དང་།  ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་།  གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་བཅས་ཀྱིས་གཉེར་འགན་ཁུར་བའི“ང་ཚོའི་དུས་ཆེན།  དགུ་པའི་ཚེས་དགུའི་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་རྟ་ར་བའི་སྤྱི་གླིང་དུ་འགོ་ཚུགས་པ་རེད།

བྱེད་སྒོ་ཧྲིལ་པོ་རོལ་རྩེད་ལུས་རྩལ་འགྲན་བསྡུར་དང་རིག་རྩལ་འཁྲབ་སྟོན་ཁག་གཉིས་ལ་དབྱེ་བ་དེའི་དམིགས་ཡུལ་ནི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་དུས་རབས་གསར་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཉམས་འགྱུར་མངོན་པར་བྱེད་པ་དང་།  “རྒན་བཀུར་དང་། རྒན་གཅེས།  རྒན་རོགས”བཅས་ཀྱི་ཉམས་འགྱུར་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ།  མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་སྔར་བས་འཕེལ་བ་བཅས་ཀྱི་ཆེད་དུ་རེད།  ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་རྒན་རྒོན་མང་ཚོགས་300ལྷག་ཙམ་མཉམ་འཛོམས་ཀྱིས་ལུས་སྟོབས་འཕེལ་བ་དང་གཟུགས་གཞི་བདེ་ཐང་ཡོང་བ་བྱས་པ་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ལ་བརྟེན་ནས་ཚེ་སྲོག་གི་རིན་ཐང་མངོན་པར་བྱས་ཤིང་།  འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི“ང་ཚོའི་དུས་ཆེན།  དགུ་པའི་ཚེས་དགུའི་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡུལ་ཡིན་པ།

མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན།

རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།