སྤྲོ་སྣང་ལྡན་པའི་གུང་གསེང་།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-10-09 12:54:10

རྒྱལ་སྟོན་རིང་ལྷ་ས་གྲོང་ཁྱེར་གྱི་རྫོང་རྒྱབ་ཀླུ་ཁང་དང་། ནོར་བུ་གླིང་ཁ།  ལྷོ་རིའི་སྤྱི་གླིང་།  ཆུ་མིག་ལམ་གྱི་འདམ་རའི་སྤྱི་གླིང་བཅས་སུ་རིག་རྩལ་འཁྲབ་སྟོན་དང་།  ཁྱད་ལྡན་ཐོན་རྫས་བྲིན་ཚོང་། ཡིག་གཟུགས་འགྲེམས་སྟོན།  ལྷ་མོ་འཁྲབ་སྟོན་སོགས་བྱེད་སྒོ་སྤེལ་ཏེ་གྲོང་མི་ཚོར་རྒྱལ་སྟོན་གྱི་གུང་གསེང་གཏང་ཡུལ་ཡག་པོ་ཞིག་མཁོ་འདོན་བྱས་པ་དང་ཆབས་ཅིག  རྒྱལ་སྟོན་རིང་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་གི་མང་ཚོགས་ཚོས་ཀྱང་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ་གུང་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད།

↑  འདི་ནི་རྒྱལ་སྟོན་རིང་གྲོང་མིས་ནོར་བུ་གླིང་གར་གླུ་ལེན་གར་འཁྲབ་བྱས་ཏེ་རྒྱལ་སྟོན་དགའ་གཏོང་བྱེད་པ།

← འདི་ནི་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས“རྒྱལ་སྟོན་ལ་བསུ་བ་ཞུ་བ་དང་།  རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི”རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།