འཚེམ་འཁོར་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-10-09 12:54:10

QQ截图20191009125014.png

འདི་ནི་ལོ་108ལ་སླེབས་པའི་ར་ཀོ་གྲོང་ཚོའི་བགྲེས་སོང་བསོད་ནམས་སྒྲོལ་མའི(དཀྱིལ)ཁྱིམ་གྱི་མི་རབས་བཞིའི་དྲན་རྟེན་པར་ཡིན་པ།

དཀའ་སྡུག་གི་ལོ་ཟླའི་ནང་རེ་བའི་འོད་སྣང་བསུས།

བོད་ཤར་ལྷོའི་རི་ཁུལ་གྱི་རྫོང་ཆུང་ཆུང་རྒྱ་ཚར་སླར་ཡང་ལོ་ལེགས་བྱུང་ཞིང་།  ར་ཀོ་གྲོང་ཚོའི་ལོ་108ལ་སླེབས་པའི་གྲོང་མི་བསོད་ནམས་སྒྲོལ་མས་རང་ཁྱིམ་གྱི་ནས་སྒྱེ་མོ་རེ་རེ་བཞིན་ལ་རེག་བཞིན་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།

བོད་ཀྱི་ལོ་ན་རྒན་ཤོས་ཀྱི་གྲས་ཡིན་པའི་བསོད་ནམས་སྒྲོལ་མས་འཛམ་གླིང་ཡང་རྩེའི་ལོ་ངོ་བརྒྱའི་འཕོ་འགྱུར་གྱི་དཔང་པོ་བྱས་ཡོད།  ཨ་མའི་མངལ་ནས་བཙས་ཏེ་འཇིག་རྟེན་འདིར་ཡོང་དུས།  ཁོང་ནི་ཞིང་བྲན་ཡིན་པས་དུས་རབས་ཕྱེད་ཙམ་གྱི་བཀྲེས་ལྟོགས་དང་དཀའ་སྡུག་མྱངས།  དམངས་གཙོའི་བཅོས་སྒྱུར་བྱས་པའི་དུས་དེ་ནས་བཟུང་།  ཁོང་ལ་རྨི་ལམ་དུའང་རེ་བའི་ས་ཞིང་དང་། སྡོད་ཁང་།  ནོར་ལུག་བཅས་བྱུང་སྟེ་བཤུ་གཞོག་དང་གཉའ་གནོན་གྱི་འཚོ་བ་ལས་ཐར།  སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་དབང་པོ་སྐྱོན་ཅན་ཡིན་པའི་བུ་མོ་ཚེ་རིང་འཛོམས་པས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕུགས་འདུན་དོན་དུ་གཉེར་བས་མི་རབས་གསུམ་ལ་འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།

བསོད་ནམས་སྒྲོལ་མས་བལྟས་ན།  ཁོང་གི་ཚེ་སྟོད་ནི་མུན་པས་བསྒྲིབ་པ་བཞིན་འཚོ་བའི་རེ་བ་མཐོང་ཐབས་བྲལ།

ཞིང་བྲན་གྱི་མི་རྒྱུད་ཡིན་པའི་བསོད་ནམས་སྒྲོལ་མ་ལོ་15ལ་སླེབས་པའི་ལོ་དེར་རྒྱུན་སྲོལ་ལྟར་ཞིང་བྲན་བདག་པོར་གཡོག་པོ་རྒྱུག་གི་ཡོད།  བཤུ་གཞོག་དང་གཉའ་གནོན་གྱི་ཁོར་ཡུག་ནང་བསོད་ནམས་སྒྲོལ་མས་མི་ལོ་47དཀའ་སྡུག་གི་འཚོ་བ་བསྐྱལ།  ཚད་ལས་འགལ་བའི་ངལ་དུབ་དང་བཤུ་གཞོག་མྱངས་པའི་རྐྱེན་གྱིས་ཁོ་མོའི་ཕ་མ་དང་གཅེན་པོ་སྔ་མོ་ནས་ཚེ་ལས་འདས་ཏེ་ཁོང་གཅིག་པུར་ལུས།

དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བསོད་ནམས་སྒྲོལ་མར་འཚོ་བའི་རེ་བ་རྙེད་པ་དང་ཁྱིམ་ལའང་ས་ཞིང་མུའུ་7དང་།  ཁང་མིག་གཉིས། ནོར་ལུག་བཅུ་གྲངས་ཙམ་བཅས་བགོས་ཡོད།  ཁོང་གི་སེམས་སུ་ད་དུང་གསལ་པོར་དྲན་པ་ནི།  ཞིང་བྲན་ཚོར་ས་ཞིང་བགོ་བཤའ་ཐོབ་རྗེས་དགའ་ཚོར་ཆེན་པོས་སྒོར་གཞས་བརྒྱབ་པ་དང་ཐ་ན་ཁ་ཤས་ས་ཞིང་ནང་ཉལ་ནས་བསྡད་པ་དེ་རེད།  ལོ་དེར་བསོད་ནམས་སྒྲོལ་མར་བུ་ཚེ་རིང་དབང་རྒྱལ་སྐྱེས་པ་དང་ལོ་51སྐབས་ཁོང་ལ་བུ་མོ་ཚེ་རིང་འཛོམས་པ་སྐྱེས་ཏེ་ཁྱིམ་ཚང་གི་རེ་བ་དང་སྨོན་འདུན་མཚོན་པའི་མིང་དེ་བཏགས།

སྡུག་གི་རྗེས་ན་སྐྱིད་ཀྱི་ཉི་མ་ཡོད།  འོན་ཀྱང་རྐྱེན་ངན་སླར་ཡང་དུད་ཁྱིམ་དེའི་ཐོག་ལ་བབས་པ་སྟེ།  ཚེ་རིང་དབང་རྒྱལ་ལྷན་སྐྱེས་འོན་ལྐུགས་ཡིན་ཁར་ལུས་ཟུངས་ཞན་ལ་ན་ཚ་མང་།  ཚེ་རིང་འཛོམས་པ་ལོ་དྲུག་ལ་སླེབས་སྐབས་བྱིས་པའི་སྦྲིད་ནད་ཕོག་ནས་སྨན་བཅོས་བྱས་ཀྱང་འགྲོ་ཐུབ་ཙམ་ལས་མེད་པར་རྐང་པ་གཡོན་མ་རྦད་དེ་དབང་སྐྱོན་དུ་གྱུར་བར་བརྟེན་སློབ་མཚམས་བཞག་ནས་ཁྱིམ་ལ་ལོག་དགོས་བྱུང་།

མཚམས་འདིར་ལས་དབང་གི་བར་ཆད་རྒྱུན་མ་ཆད་པར་ཕྲུ་གུའི་པ་ཕ་ན་ནས་མལ་སར་ལུས་པ་དང་བསོད་ནམས་སྒྲོལ་མའི་མིག་ཤེད་ཀྱང་ཇེ་ཞན་དུ་སོང་མཐར་ལོང་བར་གྱུར།  དེ་ལྟར་འཚོ་བ་རེ་ཐག་ཆད་པའི་གནས་སུ་གྱར།

འོན་ཀྱང་།  སྤྱི་ཚོགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལས་ཚེ་རིང་འཛོམས་པས་སྙིང་རུས་བསྐྱེད་ནས་ཁྱིམ་ཚང་གི་ཁུར་པོ་ཕྲག་ཏུ་ཁུར།  ཁོང་གིས“ང་ནི་འགྲོ་སྐྱོད་སྟབས་མི་བདེ་ནའང་ད་དུང་ལག་པ་གཉིས་ཡོད་པས་ཞིང་ལས་ཀྱི་ཡོ་བྱད་འཛིན་ཐུབ་པ་དང་ལག་ཤེས་ཀྱི་ལས་ཀའང་བྱེད་ཐུབ་པས་ཁྱིམ་ཚང་སྐྱོང་ཐུབ”ཅེས་བཤད་བྱུང་།

ལག་པ་གཉིས་ཀྱིས་བདེ་སྐྱིད་འཚོ་བ་བཏོད།

དུས་རབས་20པའི་ལོ་རབས་80པའི་ལོ་འགོར།  གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལམ་ལུགས་ལག་བསྟར་བྱས་རྗེས་བསོད་ནམས་སྒྲོལ་མ་ཁྱིམ་ཚང་གིས་ས་ཞིང་མུའུ་11དང་།  སྟར་གའི་སྡོང་པོ་7 ནོར་ལུག་60ལྷག་ཙམ་བཅས་འགན་གཙང་བླངས་པ་དང་།  ཚེ་རིང་འཛོམས་པས་ཚེ་རིང་དབང་རྒྱལ་ཁྲིད་ནས་མཉམ་དུ་བདག་གཉེར་བྱས་པ་རེད།  ཚེ་རིང་འཛོམས་པའི་གཟུགས་པོའི་རིང་ཚད་སྨི་གཅིག་དང་སྐར་མ་50ལས་མེད་ཀྱང་ཞུམ་མེད་ཀྱི་སྙིང་སྟོབས་ལྡན།  ཁོང་གིས་ཤིང་འབྲས་སྡོང་པོ་སྦྱར་ཁ་རྒྱག་པ་དང་སྔོ་ཚལ་འདེབས་པ་སོགས་ཀྱི་ལག་རྩལ་སྦྱངས་པས།  འབྲུ་རིགས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་200ལྷག་ཙམ་ནས་སྤྱི་རྒྱ་400ལྷག་ཙམ་བར་འཕར་ཡོད།

ཁྱིམ་ཚང་གི་ཟ་འཐུང་གི་དཀའ་ངལ་བསལ་རྗེས་ཚེ་རིང་འཛོམས་པ་གང་སར་བསྐྱོད་ནས་སྣམ་བུ་འཐག་སྟངས་སྦྱངས་ཤིང་།  རིམ་གྱིས་བཙུགས་ཕྲུག་དང་ཁ་གདན་སོགས་འཐག་རྩལ་ཁོང་དུ་ཆུད་ཁར་འཚེམ་དྲུབ་ཀྱང་རང་སྦྱོང་བྱས་ཏེ་ཤེས་པ་དང་།  བོད་བཟོ་དང་རྒྱ་བཟོའི་གྱོན་ཆས་འཚེམ་བཟོ་བྱེད་སྟངས་ཀྱང་ཁོང་དུ་ཆུད་ཡོད་པ་རེད།  དེ་ནས་བཟུང་ཚེ་རིང་འཛོམས་པས་རྐང་པ་གཅིག་གིས་འཚེམ་འཁོར་སྐུལ་བའི་སྒྲ་དེ་གྲོང་ཚོ་ཆུང་ངུར་ཁྱབ།

མཚན་མོའི་སྣུམ་སྒྲོན་འོག་བསོད་ནམས་སྒྲོལ་མ་དང་ཚེ་རིང་དབང་རྒྱལ་གྱིས་སྤུན་འཁེལ་  བ་དང་ཚེ་རིང་འཛོམས་པས་འཁེལ་འཐག་གི་འགན་ཁུར་ནས་རྟག་ཏུ་མཚན་གུང་གི་ཆུ་ཚོད་དང་པོ་དང་གཉིས་པའི་བར་ལས་ཀ་བྱེད་ཀྱི་ཡོད།  ཁོང་གི་དུད་ཁྱིམ་ནས་བཟོས་པའི་ཅ་དངོས་སྤུས་ཀ་དག་ལ་གོང་ཁེ་བས་མི་སེར་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ།  ལོ་གསར་དང་དུས་ཆེན་འཆར་རིམ་བཞིན་ཉེ་འཁོར་གྱི་གྲོང་མི་རྣམས་ཁོང་ཚོའི་སར་ཡོང་ནས་ཁ་གདན་དང་གྱོན་ཆས་བཟོ་ཡི་ཡོད་པ་རེད།

དཀའ་བ་དུ་མ་སྤྱད་མཐར་འབྲས་བཟང་སྨིན།  ཁོང་གིས་སྔ་རྗེས་སུ་འདྲུད་འཐེན་འཕྲུལ་འཁོར་དང་འབྲུ་འཕྱར་འཕྲུལ་འཁོར་སོགས་ཉོས་ནས་གྲོང་ཚོའི་ནང་གི་འཕྲུལ་འཁོར་ཉོ་མཁན་དང་པོའི་གྲས་སུ་གྱུར་ཡོད།  ད་ཆ་ཁོང་ཁྱིམ་གྱི་འབྲུ་རིགས་ཐོན་འབབ་སྤྱི་རྒྱ་5000ལྷག་ཙམ་དང་སྟར་ཁའི་ལོའི་ཐོན་འབབ་སྤྱི་རྒྱ་700ལྷག་ཙམ་ཟིན་པ་དང་དེའི་ཐོག་འཁེལ་འཐག་དང་འཚེམ་བཟོའི་ལས་ཀ་བྱས་ནས་ལོ་ཧྲིལ་པོར་ཡོང་འབབ་སྒོར་ཁྲི་10ཙམ་ཡོད།  ཚེ་རིང་འཛོམས་པས་སྔ་རྗེས་སུ་ཁང་པ་རྒྱས་སྐྲུན་ཐེངས་5བྱས་ཤིང་།  2017ལོར་སྒོར་ཁྲི་54བཏང་ནས་ཁང་མིག་19ཡོད་པ་དང་རྒྱ་ཁྱོན་སྨི་ངོས་གྲུ་520ཟིན་པའི་ཁང་པ་གསར་པ་ཞིག་བརྒྱབ།

གྲོང་མིའི་ཕྱུག་འགྱུར་གྱི་སྤྲོ་སེམས་འཕེལ་བ།

མཚན་མོའི་འཚེམ་འཁོར་གྱི་སྒྲ་དེ་དྲག་ཏུ་རྒྱུག་པའི་ཡར་ཀླུང་གཙང་པོའི་བཞུད་སྒྲ་ལྟར་མཆེད་པ་དང་།  བསོད་ནམས་སྒྲོལ་མའི་དུད་ཚང་གི་མིང་གྲགས་ཀྱང་གང་སར་ཁྱབ་ལ།  གྲོང་མི་ཚོའི་ཕྱུག་འགྱུར་གྱི་སྤྲོ་སེམས་ཀྱང་འཕེལ་བར་བྱས།

བསོད་ནམས་སྒྲོལ་མའི་ཁྱིམ་དུ་ཤིང་གི་ཐགས་ཁྲི་4གྱང་ཟུར་དུ་སྟར་པ་བསྒྲིགས་ནས་བཞག་ཡོད།  དེའི་ནང་ནས་ཐགས་ཁྲི་2ཀྱི་ཐོག་ཁྱིམ་མཚེས་ཀྱིས་སྣམ་བུ་འཐག་གི་ཡོད།  ལོ་38ལ་སླེབས་པའི་ཟླ་བ་སྒྲོལ་དཀར་ནི་ཉེ་འགྲམ་གྱི་ལ་སྒང་གྲོང་ཚོ་ནས་ཡིན་པ་དང་དེ་གར་དགེ་ཕྲུག་བྱས་ནས་ལོ་གཅིག་ཙམ་སོང་ཡོད།

ལོ་45ལ་སླེབས་པའི་སྒྲོལ་དཀར་ནི་ཚེ་རིང་འཛོམས་པའི་དགེ་ཕྲུག་ཁག་དང་པོའི་གྲས་ཡིན་ཞིང་།  ལོ་20ལྷག་ཙམ་ནང་ཁོང་གི་སྣམ་བུའི་འཐག་རྩལ་དེ་ཤང་དུ་སྐད་གྲགས་ཆོད་ཡོད།  ཁོང་གིས་ཁོམ་དུས་གྲོང་ཚོ་གཞན་དག་ཏུ་ཁ་གདན་འཐག་པར་འགྲོ་གི་ཡོད།  དེ་ལྟར་བྱས་ན་ལོ་གཅིག་ལ་ཡོང་འབབ་སྒོར་8000ལྷག་ཙམ་འདུག་ཅེས་བཤད་བྱུང་།

ལོ་མང་རིང་།  ཚེ་རིང་འཛོམས་པས་དགེ་ཕྲུག་30ལྷག་ཙམ་གསོ་སྐྱོང་བྱས་ནས་ཁོང་ཚོའི་ལག་གཉིས་ལ་བརྟེན་ནས་རིམ་བཞིན་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།