སྒྲོག་འགྲེལ་ཐབས་ལ་མཁས་པའི་ཨ་ཅག་བཀྲ་ཤིས་དཔལ་འཛོམས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-23 12:26:46

QQ截图20190723120304.png

འདི་ནི་བཀྲ་ཤིས་དཔལ་འཛོམས་ཀྱིས་སླེའུ་ཤང་རྫི་ལུང་གྲོང་ཚོའི་མུ་ཁ་ནས་མང་ཚོགས་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བྱེད་པའི་གནས་ཚུལ་ཡིན་པ།

ལྷ་རྩེ་རྫོང་སླེའུ་ཤང་དུ་མི་རྣམས་ཀྱིས་རྒྱུན་དུ་རྣམ་པ་དེ་འདྲ་ཞིག་མཐོང་རྒྱུ་ཡོད་པ་སྟེ།  ལག་གཅིག་ཏུ་དཔྱད་ཡིག་མང་དག་ཅིག་དང་། ལག་གཅིག་ཏུ་འཕྲེད་འགེལ་སྦྱར་ཚིག་འཁྱེར་ནས།  སྲང་ལམ་དང་ཞིང་ནང་དུ་ཕར་ཚུར་རྒྱུག་པ་དང་།  ཁོ་མོའི་བྲེལ་འཚུབ་ཆེ་བའི་གོམ་སྟབས་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ལ།  ཁོ་མོའི་སྐད་ཆ་ནི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཚོའི་སེམས་དབུས་ཀྱི་སྒུལ་ཤུགས་ཆེ་ཤོས་དེ་རེད།

སློབ་སྦྱོང་བྱེད་པ་ནི་སྒྲོག་འགྲེལ་དེ་བས་ཡག་པ་བྱེད་ཆེད་ཡིན།

2006ལོར་བཀྲ་ཤིས་དཔལ་འཛོམས་བོད་ལྗོངས་སློབ་ཆེན་ཕྱི་རྒྱལ་སྐད་ཡིག་ཚན་ཁག་ནས་སློབ་མཐར་ཕྱིན་པ་དང་།  2007ལོའི་ཟླ་དང་པོར་དང་བླངས་ངང་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ཁ་ཆུ་ཤང་དུ་ཡོང་།  དེ་གར་ཁོ་མོས་ཕྱི་རོལ་འཇིག་རྟེན་གྱི་སྐད་སྒྲ་སྐབས་དེའི་ཁ་ཆུ་ཤང་དུ་སྒྲོགས་པར་བྱེད།  དུས་དེ་ནས་བཟུང་། ཁོ་མོ་སྒྲོག་འགྲེལ་ལས་དོན་དང་ཁ་འབྲལ་ཐབས་མེད་པར་གྱུར།

2010ལོར་བཀྲ་ཤིས་དཔལ་འཛོམས་ལྷ་རྩེ་རྫོང་དུ་ལས་བགོས་ཐོབ་པ་དང་།  སྔ་རྗེས་སུ་ལྷ་རྩེ་རྫོང་གི་གཞིས་ཆེན་ཤང་དང་གྲའུ་ཤང་དུ་ལས་ཀ་བྱེད་མྱོང་ཡོད།  ལས་གནས་ཐེངས་མང་བརྗེས་མོད། ཁོ་མོ་སྔར་བཞིན་སྲིད་ཇུས་སྒྲོག་འགྲེལ་གྱི་ལམ་དུ་བསྐྱོད།

2017ལོའི་ཟླ་7པར་བཀྲ་ཤིས་དཔལ་འཛོམས་ལྷ་རྩེ་རྫོང་སླེའུ་ཤང་དུ་ལས་ཀ་བྱེད་འགོ་ཚུགས་པ་དང་དྲིལ་བསྒྲགས་ཨུ་ཡོན་བྱས་ནས་དྲིལ་བསྒྲགས་ལས་དོན་ཁག་སྤེལ་འགན་འཁུར།  མི་རིང་བར་རང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དཔྱིད་རླུང་ས་མཐོའི་ས་གཞི་ཆེ་མོར་ལྡང་བ་དང་།  ཤང་གི་སྒྲོག་འགྲེལ་ལས་འགན་ལྕི་མོ་ཁོ་མོའི་ཕྲག་ཐོག་ཏུ་བབས།

ལས་འགོ་ཐོག་མར་རྩོམ་པར་དཀའ་ཁག་ཆེ་ན་ཡང་།  དཀའ་སྡུག་ཁུར་དུ་བཟོད་ན་མི་འགྲུབ་བྱ་བ་གང་ཡང་མེད།  དཀའ་ངལ་དང་འཕྲད་སྐབས་དེ་སྔ་བཀྲ་ཤིས་དཔལ་འཛོམས་བློ་ཕམ་ཡིད་སྐྱོ་བྱེད་མྱོང་ཡོད་ལ།  ཁྲལ་འགོ་འཁྱོལ་འཁྱོལ་བྱེད་པའི་བསམ་བློ་ཡང་འཁོར་མྱོང་ཡོད།  འོན་ཀྱང་ཐེངས་ཤིག་གི་སྒྲོག་འགྲེལ་ཐོག་བཀྲ་ཤིས་དཔལ་འཛོམས་ཀྱིས་འཁྲིས་ཀྱི་དཔེ་གསོན་པོར་བརྟེན་ནས་འགྲེལ་བཤད་རྒྱག་པའི་ཚོད་ལྟ་བྱས་ནས།  སྐབས་རེ་མི་རྣམས་བློ་གསལ་དོན་རྟོགས་སུ་འཇུག་པ་དང་།  སྐབས་རེ་མང་ཚོགས་རྣམས་དགོད་ཀྱིས་གྲོད་པ་ན་རུ་བཅུག་པས།  སྒྲོག་འགྲེལ་གྱི་ཕན་འབྲས་ཧ་ཅང་ཡག་པོ་བྱུང་བ་དེས་ཁོ་མོར་ལྕག་སྐུལ་ཆེན་པོ་ཐེབས་པ་མ་ཟད།  ཁོ་མོས་སླར་ཡང་ཡིད་ཆེས་བརྟན་པོས་དཀའ་ངལ་འཕྲད་སྐབས་དེ་སེལ་ཐབས་ལ་འབད་ཅིང་འབུངས།

“དྲིལ་བསྒྲགས་སློབ་གསོ་ནི་ལས་དོན་གལ་ཆེན་ཞིག་ཡིན་པས།  སྒྲོག་འགྲེལ་ཡག་པོ་བྱེད་བསམས་ན་སྔོན་ལ་རང་ཉིད་ཀྱིས་སློབ་སྦྱོང་ཡག་པོ་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དེ་བཞིན་ཏང་གི་དམངས་ཕྱུག་སྲིད་ཇུས་ཁག་ལ་གོ་བ་ཡག་པོ་ལེན་དགོས།  དེ་ལྟར་བྱུང་ན།  སྒྲོག་འགྲེལ་བྱེད་སྐབས་དོན་སྙིང་ལྡན་ལ་མང་ཚོགས་ཚོས་ཀྱང་དང་ལེན་བྱེད་བདེ་བ་ཡོད”ཅེས་བཀྲ་ཤིས་དཔལ་འཛོམས་ཀྱིས་བཤད།  2017ལོར་བཀྲ་ཤིས་དཔལ་འཛོམས་སོགས་ཤང་དང་གྲོང་རྡལ་གྱི་དྲིལ་བསྒྲགས་ཨུ་ཡོན་འགའ་ཞིག་གཞིས་རྩེ་གྲོང་ཁྱེར་དུ་གཉེར་བའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསོ་སྦྱོང་འཛིན་གྲྭར་མངགས་པ་དང་།  སློབ་སྦྱོང་ནན་ཏན་བྱས་ནས་དགོངས་དོན་ལ་གོ་བ་བླངས་པས་ཁོང་ཚོའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།

བཀྲ་ཤིས་དཔལ་འཛོམས་ཀྱིས་དཔེ་དེབ་ནས་སློབ་སྦྱོང་བྱེད་པ་ཕུད།  ད་དུང་བློ་མཐུན་རྒན་གྲས་དང་སྔོན་ཐོན་མི་སྣར་སློབ་སྦྱོང་བྱས་ཏེ།  ཁོང་ཚོའི་ཕུལ་བྱུང་གི་སྤྱོད་ཚུལ་དང་། སྒྲོག་འགྲེལ་བྱེད་ཐབས།  ཀུན་སྤྱོད་དང་ལས་ཀ་བྱེད་སྟངས་བཅས་ལ་ཡང་སློབ་སྦྱོང་བྱས།

གསར་གཏོད་བྱས་ནས་སྒྲོག་འགྲེལ་གྱི་རྩ་བ་བརྟན་པོ་བཙུགས་པ།

“དེ་རིང་སྒྲོག་འགྲེལ་གྱི་ནང་དོན་ནི‘ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པའི’ལེའུ་དེ་ཡིན།  ཁྱེད་ཚོས་རང་རེའི་ཏང་གི་སྲོག་ཤིང་སུ་ཡིན་མིན་ཤེས་སམ།  སྲོག་ཤིང་ལ་དགའ་ཞེན་ཇི་ལྟར་བྱེད་དགོས་སམ”ཞེས་2018ལོའི་ཟླ་8པར་བཀྲ་ཤིས་དཔལ་འཛོམས་ཀྱིས་ཁ་པར་གྱི་པར་ཆས་ལ་བལྟས་ནས་དེ་ལྟར་བརྗོད།  པར་ལེན་དབྱུག་པ་གཅིག་དང་ཁ་པར་གཅིག་ནི་བཀྲ་ཤིས་དཔལ་འཛོམས་གྱི་སྒྲོག་འགྲེལ་གྱི་ལག་ཆ་གལ་ཆེན་ཡིན་པ་མ་ཟད།  ཁོ་མོའི་སྒྲོག་འགྲེལ་གསར་རྩོམ་གྱི་བྱ་ཐབས་གལ་ཆེན་ཞིག་དེ་བས་རེད།

ལྷ་རྩེ་རྫོང་ནི་ངལ་ནུས་ཕྱིར་གཏོང་གི་རྫོང་ཆེན་ཞིག་ཡིན་པ་དང་།  མང་ཚོགས་ཀྱི་རིག་གནས་ཆུ་ཚད་དོ་སྙོམས་པོ་མེད་པས།  གཅིག་སྡུད་སྒྲོག་འགྲེལ་བྱས་ན་དགོངས་དོན་ལ་གོ་བ་ཡག་པོ་ལེན་པ་དང་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་ཧ་ཅང་དཀའ་བ་ཡིན།  གནས་ཚུལ་དེར་དམིགས་ནས་2018ལོའི་ཟླ་8པར་བཀྲ་ཤིས་དཔལ་འཛོམས་ཀྱིས་ཤང་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག  འཆར་གཞི་ཞིབ་ཚགས་བཀོད་དེ་གསར་གཏོད་རང་བཞིན་ཐོག་ནས་ལྷ་རྩེ་རྫོང་སླེའུ་ཤང་སྐད་འཕྲིན་སྐད་གཉིས་ལས་སྟེགས་བརྒྱུད་བསྒྲགས་ཁང་བཏོད།

མིག་སྔའི་བར།  བཀྲ་ཤིས་དཔལ་འཛོམས་ཀྱིས་ལྷ་རྩེ་རྫོང་སླེའུ་ཤང་གི་སྐད་འཕྲིན་སྐད་གཉིས་ལས་སྟེགས་བརྒྱུད་དེ་སྒྲོག་འགྲེལ་བརྙན་ལམ་ཐེངས་47དང་སྒྲ་འཇུག་སྒྲོག་འགྲེལ་ཐེངས་124བཟོས་ནས་དྲ་རྒྱའི་ཐོག་འགྲེམས་སྤེལ་རྒྱ་ཁྱབ་བྱས་ཡོད་པ་རེད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2019ལོའི་ལོ་སྟོད་དུ།  ལྷ་རྩེ་རྫོང་སླེའུ་ཤང་གིས་སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་ཐེངས་73སྤེལ་བར་སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་བདུན་སྟོང་ལྷག་ཙམ་ཟིན་ཡོད་པ་རེད།

ལེགས་སྐྱེས་འབུལ་བཞིན་ལང་ཚོའི་འདབ་མ་ལྷུག་པར་གྲོལ།

“ཨ་ཅག‘སྣང་ཆེན་བཞི་དང་དགའ་ཞེན་བཞི’ལགས།  ཁྱེད་རང་གིས་སྒྲོག་འགྲེལ་གནང་བའི་ནང་དོན་ཁག་ང་ཚོས་ཡིད་ལ་ཟིན་པ་མ་ཟད།  ང་ཚོའི་རྨོན་མཛོས་ཀྱང་ཡིད་ལ་ཟིན་ཡོད” མུ་ཁའི་སྒྲོག་འགྲེལ་ཐེངས་ཤིག་གི་རྗེས་སུ།  ལྷ་རྩེ་རྫོང་སླེའུ་ཤང་རྫི་ལུང་གྲོང་ཚོའི་གྲོང་མི་བཀྲ་ཤིས་ཀྱིས་བཀྲ་ཤིས་དཔལ་འཛོམས་ལ་དེ་ལྟར་རྩེད་མོའི་ཚུལ་དུ་བརྗོད་པ་རེད།

ཨ་ཅག“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལགས་ཞེས་པ་དང་།  ང་ཚོའི་རྨོན་མཛོས་ཀྱང་ཡིད་ལ་ཟིན་ཡོད་ཅེས་པའི་ཚིག་འདི་གཉིས་ནི།  བཀྲ་ཤིས་དཔལ་འཛོམས་དང་མང་ཚོགས་དབར་དམ་ཞིང་ཟབ་པའི་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཚུགས་པའི་དཔང་པོ་ཡིན་པ་མ་ཟད།  ད་དུང་སྒྲོག་འགྲེལ་པ་དཀྱུས་མ་ཞིག་ལ་གནང་བའི་བསྔགས་བརྗོད་ཡག་ཤོས་ཤིག་དེ་བས་ཀྱང་ཡིན་པ་རེད།

དུས་ཆེན་འཆར་རིམ་བཞིན།  བཀྲ་ཤིས་དཔལ་འཛོམས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་སྒྲོག་འགྲེལ་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པར་བྱས་པ་སྟེ།  《བཀའ་དྲིན་སུས་བསྐྱངས་པ་དང་དྲིན་ལན་སུ་ལ་འཇལ་བ》དང་།  《བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན》  《མི་རིགས་མཐུན་སྒྲིལ་ངའི་འཁྲིས་སུ་ཡོད》ཅེས་པ་སོགས་ཀྱི་རིག་རྩལ་ལེ་ཚན་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་བྱས་པ་དང་།  དེ་དང་ཆབས་ཅིག ཤང་གི་སྒྲོག་འགྲེལ་པ་ཞིག་ཡིན་པའི་ཆ་ནས་སྒྲོག་འགྲེལ་ཚད་ལྡན་བྱས་ཏེ།  གྲོང་ཚོ་རིམ་པའི་སྒྲོག་འགྲེལ་འཇོན་ཐང་ཅན་ཁག་གཅིག་ལ་སྐུལ་ཁྲིད་བྱས་པ་མ་ཟད།  སྒྲོག་འགྲེལ་ལས་དོན་སྤེལ་བར་ལེའུ་གཅིག་ཀྱང་མི་ལུས་པ་དང་། དོན་ཚན་གཅིག་ཀྱང་མི་ཆད་པ།  མི་གཅིག་ཀྱང་མི་ལུས་པ་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ནས། ཚང་མས་ཉན་སྤྲོ་བ་དང་།  ཡིད་ལ་ཟིན་པ། གོ་ཆོད་པ་བཅས་བྱུང་ཡོད་པ་རེད། 2018ལོར།  བཀྲ་ཤིས་དཔལ་འཛོམས་རང་སྐྱོང་ལྗོངས་རིམ་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཕུལ་བྱུང་སྒྲོག་འགྲེལ་པར་བདམས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།