ཐོན་ལས་ལ་གསོན་ཤུགས་ལྡན། ཕྱུག་འགྱུར་གྱི་མདུན་ལམ་ཡངས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-11 16:09:37

QQ截图20190711160552.png

བོད་ལྗོངས་ལྷོ་ཁ་བདེ་ནོར་ཞིང་ནགས་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་ནས་དང་།  གྲོ པད་ཁ། སྔོ་ཚལ། སྔོ་གཟན་མ་རྨོས་ལོ་ཏོག  ཀྭ་རིགས་དང་ཤིང་ཏོག་སོགས་ཀྱི་རིགས་འདེབས་འཛུགས་དང་།  སྒོ་ཕྱུགས་དང་ཁྱིམ་བྱའི་གཟན་ཆག་འདེབས་འཛུགས།  ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ཕྱིར་ཚོང་བཅས་གཙོ་གཉེར་ལས་སྒོར་བརྩིས་ཡོད།  ཀུང་སིའི་ཁོངས་གཏོགས་སུ་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་ལས་སྣོན་ཆེད་ལས་མཉམ་ལས་ཁང་ཞིག་ཡོད་པ་དེ་ནི་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ཆུ་མཁར་གྲོང་ཚོར་ཡོད་པ་དང་།  ཐོ་འགོད་མ་རྩ་སྒོར་ཁྲི་580ཟིན་ཡོད།  སྨི་ངོས་གྲུ་5000ཙམ་ཡོད་པའི་བོད་སྨན་སྨན་རྫས་ལས་སྣོན་རྟེན་གཞི་དང་མུའུ་500ཙམ་ཡོད་པའི་བོད་སྨན་སྨན་རྫས་འདེབས་འཛུགས་རྟེན་གཞི་བསྐྲུན་ནས།  ཁྲོམ་རར་སི་ལིང་ལྗང་པའི་སྐྲ་སྐྱེ་རྫས་དང་། འབའ་སམ་སྨན་མར། བྲ་བོའི་ཇ།  བྲ་བོའི་སྔས་མགོ་སོགས་ཀྱི་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོད་པས་ལྗོངས་ཕྱི་ནང་གི་རྒྱ་ཆེའི་འཛད་སྤྱོད་པའི་གདེང་འཇོག་བཟང་པོ་ཐོབ་ཡོད།

འདི་ནི་ས་ཆ་དེ་གའི་ས་ཞིང་བརྒྱུད་བཤུག་བྱས་པའི་ཞིང་པས་བོད་སྨན་གྱི་སྨན་རྫས་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱེད་བཞིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།