མལ་གྲོ་གུང་དཀར་རྫོང་གིས། ཐོན་ལས་སྔོན་དུ་བཞག་ནས་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-31 10:49:25

QQ截图20190524164450.png

ཉེ་དུས།  གསར་འགོད་པ་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་བྱེ་རྡོ་བཟོ་གྲྭར་སླེབས་སྐབས།  དེ་གར་འཕྲུལ་འཁོར་གྱི་འུར་སྒྲ་དང་རླངས་འཁོར་འགྲོ་འོང་གི་རྣམ་པས་ཁེངས་པ་དང་མི་རྣམས་ལས་ལ་བྲེལ་བཞིན་མཆིས།  2018ལོའི་ཟླ་4པར།  མལ་གྲོ་གུང་དཀར་རྫོང་གི་དབུལ་སྐྱོར་གཙོ་གནད་ཐོན་ལས་རྣམ་གྲངས་ཡིན་པའི་མལ་གྲོ་དག་པོའི་བྱེ་རྡོ་བཟོ་གྲྭ་སྤྱིའི་ཆར་བསྐྲུན་ཟིན་ནས་ལས་འགོ་ཚུགས་པ་དང་།  ལས་འགོ་བཙུཌ་ནས་ལོ་གཅིག་ཀྱང་མ་འགོར་བར་བྱེ་རྡོ་བཟོ་གྲྭར་ཡོང་འབབ་སྒོར་ཁྲི་1400ལྷག་ཙམ་བྱུང་བ་དང་།  བྱེ་རྡོ་བཟོ་གྲྭ་བསྡུ་སྒྲིལ་དང་ཚད་ལྡན་དུ་བཏང་ནས་ཉེ་འཁོར་གྱི་མང་ཚོགས་ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་ཡོད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་འགག་རྩ་དེ་ཐོན་ལས་ལ་ཐུག་ཡོད།  དབུལ་པོའི་རྩ་བ་དྲུངས་ནས་འབྱིན་རྒྱུ་དང་ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་གནས་སྨིན་དབུལ་སྒྲོལ་ཐུབ་པའི་འགག་རྩར་གྱུར་ཡོད།  དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་ཚུན།  མལ་གྲོ་གུང་དཀར་རྫོང་གིས་ཐོན་ལས་འདི་ཉིད་གནད་སྨིན་དབུལ་སྐྱོར་གྱི་བྱ་ཐབས་བཟང་པོ་ཞིག་ཏུ་བརྩིས་ཡོད།  “ལོ་ལྔ་ཚན་བཅུ་གསུམ་པའི”རིང་།  དབུལ་སྐྱོར་ཐོན་ལས་ཀྱི་རྣམ་གྲངས་53འཆར་འགོད་བྱས་པར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་6.75བྱ་རྩིས་ཡོད་པ་དང་།  མིག་སྔར་རྣམ་གྲངས་51ལས་འགོ་བཙུགས་པ་དང་རྣམ་གྲངས་40ལེགས་གྲུབ་བྱུང་ནས་ལེགས་གྲུབ་ཟིན་ཚད་78.43%ཟིན་པ་དེས་དུད་ཚང་དབུལ་པོ་1460དང་མི་གྲངས་5830སྣེ་ཁྲིད་དེ་དུད་ཚང་རེར་ལོ་ལྟར་ཡོང་འབབ་སྒོར་1500ཡན་བགོ་བཤའ་རྒྱག་གི་ཡོད།

དེ་དང་ཕྱོགས་མཚུངས།  ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་དེ་ཉིད་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་པ་དང་ཆེད་དམིཌ་དབུལ་སྐྱོར་དང་།  ལས་རིགས་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར།  སྤྱི་ཚོཌ་དབུལ་སྐྱོར་བཅས་ཕྱོཌ་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག  མལ་གྲོ་གུང་དཀར་རྫོང་གིས་དམངས་འཚོའི་གནད་དོན་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་དམངས་ཕན་འདུ་འགོད་དང་དམངས་སེམས་དང་མཐུན་པའི་འདུ་འགོད་སོགས་ལག་ལེན་གཏིང་ཟབ་བསྟར་ཏེ།  མ་དངུལ་སྒོར་དུང་ཕྱུར་1.94བཏང་ནས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ས་ཚིགས་ཀྱི་རྣམ་གྲངས་གཉིས་ལག་ལེན་བསྟར་བར་མིག་སྔར་དུད་ཚང་661དང་མི་གྲངས་2785གནས་སྤོ་བྱས་ཤིང་།  གནས་སྤོ་བྱས་པའི་མང་ཚོགས་ཚང་མར་དུད་ཚང་རེར་ལས་གནས་རེའི་བླང་བྱ་གཞིར་བཟུང་ལས་གནས་རེ་བཀོད་སྒྲིག་བྱས་པ་དང་།  མིག་སྔ་བར་མི་གྲངས་790ལས་ཞུགས་ཐུབ་ཡོད་པ་རེད།  2018ལོར་སྣོད་བཅུད་དང་འབྲེལ་བའི་ལས་གནས་2937བཀོད་སྒྲིག་བྱས་པར་མ་དངུལ་སྒོར་ཁྲི་1027.95སྤྲད་པ་དང་།  མི་2803ལ་གནས་གཏན་འཁེལ་གྱི་ཁ་གསབ་མ་དངུལ་སྒོར་ཁྲི་72.878སྤྲད་པ།  དམིགས་བསལ་དང་ཁ་ཐོར་གྱི་འགན་ལེན་ལྔའི་བསྙེན་བཀུར་བྱ་ཡུལ་མི་གྲངས་38གཏན་འཁེལ་བྱས་པར་མ་དངུལ་སྒོར་ཁྲི་20སྤྲད་པ།  གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་མི་གྲངས་1127ལ་མ་དངུལ་སྒོར་ཁྲི་269.86སྤྲད་པ།  ལོ་60ཡན་གྱི་ཡིག་ཚགས་དང་གཱ་བཟོས་པའི་རྒན་རྒོན་དབུལ་པོ་615ལ་ལོ་སྟོད་ཀྱི་མ་དངུལ་སྒོར་ཁྲི་135.12སྤྲད་པ།  ཡིག་ཚགས་དང་གཱ་བཟོས་པའི་སློབ་ཆེན་གྱི་སློབ་མ་དབུལ་པོ་221ལ་སློབ་ཡོན་དང་།  ཀློག་དེབ་ཀྱི་རིན་པ།  ཉལ་ཁང་གི་རིན་པ་བཅས་སྒོར་ཁྲི་185.16ཟིན་པའི་འགྲོ་སོང་རྩིས་ཞུ་བྱས་པ།  ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས་222ལ་སྨན་བཅོས་དང་སྨན་ཁང་དུ་བསྡད་པའི་གྲོན་དངུལ་སྒོར་ཁྲི་339.06ཟིན་པའི་འགྲོ་སོང་རྩིས་ཞུ་བྱས་པ་དང་དུས་མཚུངས།  མ་དངུལ་སྒོར་ཁྲི་30.8བཏང་ནས་སྐྱ་གྲིབ་ཕོག་པའི་ནད་པ་102ལ་རིན་མེད་ཐོག་སྨན་བཅོས་བྱས་ཡོད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཐད་མལ་གྲོ་གུང་དཀར་རྫོང་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་པས།  ད་ཆ་མིག་ལམ་དུ་འཆར་བ་ནི་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་ཐོན་ལས་དང་།  གྲལ་སྟར་སྒྲིག་ཅིང་བག་ཕེབས་པའི་ཁང་བཟང་།  འཛུམ་མདངས་ཀྱིས་ཕྱུག་པའི་ངོ་གདོང་བཅས་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།