བོད་ལ་ཀྲུང་གོའི་གྲགས་ཅན་ཚོང་རྟགས་16ཡོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-16 11:47:08

621717_yis_1557724859474_s.jpg

འདི་ནི་འགྲེམས་ཞུགས་ཁེ་ལས་ཀྱི་ལས་དོན་མི་སྣས་སྐུ་མགྲོན་ལ་རང་ཉིད་ཀྱི་ཐོན་ཟོག་ངོ་སྤྲོད་བྱེད་བཞིན་པ།

ཉེ་དུས་བོད་ཀྱི་ཚོང་རྟགས་སྤུས་རྟགས་ཀྱི་འཕེལ་རྒྱས་གྲུབ་འབྲས་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། མིག་སྔའི་བར་ལྗོངས་ཡོངས་སུ་ཐོ་བཀོད་བྱས་པའི་ཚོང་རྟགས་23740དང་ཀྲུང་གོའི་གྲགས་ཅན་ཚོང་རྟགས་16ཡོད་པ་རེད།

གྲངས་གཞི་ལས་མངོན་གསལ། རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་94བར་མང་དུ་ཕྱིན་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7ལ་ཁྱབ་པ་དང་ནས་དང་། འབྲི་གཡག སྤོས། སྣམ་བུ། ཞོག་ཁོག ཇ་ལོ། སྡོང་ཕུང་། བེ་ཤ་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་དང་། ནགས་ཁྲོད་ཐོན་ཁུངས་ཐོན་ཟོག བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ཟོག་བཅས་བཅུ་ཡོད། 2013ལོ་དང་བསྡུར་ན་ཐོན་རྫས་85གསར་འཕར་བྱུང་བ་དང་། འཕར་ཚད་944%ཟིན་ནས་ལོ་ལྔའི་རིང་ལྡབ་9ལྷག་ཙམ་འཕར་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།