རྒྱལ་ཡོངས་ཀྱི་གེགས་འགོག་གེགས་སེལ་ཉིན་མོ་ཨང་བཅུ་གཅིག་པའི་བྱེད་སྒོའི་མཐོང་ཐོས་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-15 10:54:48

QQ截图20190515102926.png

འདི་ནི་ལྷ་སའི་གྲོང་མིས་བྱེད་སྒོ་སྤེལ་ཡུལ་དུ་གེགས་འགོག་གེགས་སེལ་གྱི་འབྲེལ་ཡོད་ཆ་འཕྲིན་ཤེས་རྟོགས་བྱེད་བཞིན་པ།

ཟླ་5ཚེས་12ཉིན་ནི་རྒྱལ་ཡོངས་ཀྱི་གེགས་འགོག་གེགས་སེལ་ཉིན་མོ་ཨང་11པ་ཡིན་ཞིང་།  ཉིན་དེའི་སྔ་དྲོར།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཡུ་ཐོག་ལམ་དུ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་ཤིན་ཏུ་དོད།  “གེགས་བར་འགོག་བཅོས་ནུས་པ་མཐོར་གཏོང་གིས།  ཚེ་སྲོག་བདེ་འཇགས་འགོག་རགས་འཛུགས་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གེགས་འགོག་གེགས་སེལ་གྱི་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་བ་རེད།

སྟབས་བདེ་ལ་ཁ་གསལ་བའི་དྲིལ་བསྒྲགས་འགྲེམས་པང་དང་།  གོ་བདེ་ཤེས་སླའི་དྲིལ་བསྒྲགས་རི་མོ། པར་ཡིག་གཉིས་ལྡན་གྱི་དྲིལ་བསྒྲགས་དཔྱད་ཡིག  དྲིལ་བསྒྲགས་ཤེས་བྱའི་རི་མོ་བཀོད་པའི་ལག་རྟགས་ཆུང་གྲས་བཅས་ལས་གེགས་འགོག་གེགས་སེལ་གྱི་ཤེས་བྱ་དང་བཅའ་ཁྲིམས་ཁྲིམས་སྲོལ་བརྒྱུད་སྤྲོད་བྱེད་བཞིན་མཆིས།  རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་དང་རང་སྐྱོང་ལྗོངས་ས་ཡོམ་ཅུས་སོགས་ལྗོངས་ཐད་གཏོགས་ཚན་པ་31དང་ལྷ་ས་གྲོང་ཁྱེར་ཐད་གཏོགས་ཚན་པ་28ཀྱི་ལས་བྱེད་ལས་བཟོ་300ལྷག་ཙམ་ཁྲོམ་གཞུང་དུ་བསྐྱོད་ནས་དྲིལ་བསྒྲགས་དེབ་ཆུང་དང་།  བཅའ་ཁྲིམས་ཀྱི་ཀློག་དེབ། དེ་བཞིན་དྲན་གསོའི་དངོས་རྫས་སྣ་ཚོགས་བཅས་སྤྲད་དེ།  གྲོང་མི་རྣམས་ལ་ནམ་ཀུན་འཚོ་བའི་ནང་འཕྲད་སྲིད་པའི་གེགས་བར་ལ་ཁ་གཏད་གཅོག་ཐབས་འགྲེལ་བཤད་བརྒྱབ་པའི་ཁར།  ལད་ཟློས་མཉམ་འགུལ་ཁུལ་མང་པོ་བཟོས་ཏེ་གེགས་འགོག་དང་གནོད་འཚེར་ཁ་གཏད་གཅོག་ཐབས་སྦྱོང་དུ་བཅུག་པ་རེད།

“སྐད་འཕྲིན་གྱི་རྩ་གཉིས་ཨང་རྟགས་བཤེར་ན་རིན་མེད་བགྲོད་ལམ་རོགས་སྐྱོབ་ཐོབ་ལ་འཁོར་རིགས་ལ་ལོ་བཤེར་ཚབ་སྒྲུབ་སོགས་ཀྱི་ཞབས་ཞུའང་བྱེད་ཀྱི་ཡོད”ཅེས་ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིའི་བོད་ཡན་ལག་ཀུང་སིའི་འགྲེམས་སྟེགས་ཀྱི་མདུན་དུ་བྲིས་པར་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ཀྱིས་རྩ་གཉིས་ཨང་རྟགས་བཤེར་ནས་རང་ཉིད་ཀྱི་རླངས་འཁོར་ལ་འགན་སྲུང་མང་ཙམ་ཐོབ་ཐབས་བྱེད་ཀྱི་འདུག  དེ་གར་གྲོང་མི་རྣམས་ཀྱིས་ད་དུང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་ནད་ཆེན་གྱི་འགན་བཅོལ་དང་ཞིང་འབྲོག་པའི་གྲངས་མང་ཁ་གསབ་ཀྱི་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུ་སོགས་རང་ཉིད་དང་འབྲེལ་བ་ཡོད་པའི་སྲིད་ཇུས་སྣ་ཚོགས་ཤེས་རྟོགས་ཐུབ་ཀྱི་ཡོད།

ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སིའི་ལས་སྒྲུབ་པས་གསར་འགོད་པར་ངོ་སྤྲོད་བྱས་དོན“གེགས་འགོག་གེགས་སེལ་གེགས་སྐྱོབ་ཐད།  ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱེད་དགོས་ལ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་བསྡུ་རུབ་ཀྱང་བྱེད་དགོས།  འདིའི་ཐད་འགན་བཅོལ་ནི་ཚང་མས་མཐོང་ཆེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།  དེར་བརྟེན་ང་ཚོས་ཆེད་མངགས་ཆར་དུས་ཐོན་མང་བའི་ཉེན་ཁར་དམིགས་པའི་སྔོན་འགོག་དང་ཁ་གཏད་གཅོག་ཐབས་བཏོན་ནས་ལས་རིགས་ཁག་ལ་རོགས་རམ་བྱས་ཏེ་ཉེན་ཁ་ཉུང་གཏོང་དང་སེལ་བ་དང་།  སྤྱི་ཚོགས་ཀྱི་གེགས་འགོག་གེགས་སེལ་ལ་སྐུལ་འདེད་ཐུབ་ཁར།  གེགས་འགོག་གེགས་སེལ་གེགས་སྐྱོབ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་དང་།  དེ་བཞིན་གེགས་རྗེས་ཀྱི་ཐོན་སྐྱེད་དང་འཚོ་བ་སླར་གསོར་སྐུལ་མ་གཏོང་བ་སོགས་ཐད་ཀྱི་གེགས་བར་ཆེན་པོའི་འགན་བཅོལ་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གྱིས་དམངས་འཚོ་འགན་སྲུང་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་སྔར་བས་བྱས་ཡོད”

“གེགས་འགོག་གེགས་སེལ་ང་ཚོ་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད།  གེགས་བར་ག་དུས་ཡིན་རུང་ཐོན་སྲིད་པར་བརྟེན།  གེགས་འགོག་གེགས་སེལ་གྱི་འདུ་ཤེས་ཚང་མ་ཟབ་ཏུ་གཏོང་དགོས།  དྲིལ་བསྒྲགས་བྱེད་སྒོ་འདི་ལས་ང་ཚོའི་ཉེ་འཁོར་དུ་མངོན་མེད་གེགས་བར་མང་པོ་གནས་པ་རྟོགས་པ་མ་ཟད།  གེགས་བར་སྣ་ཚོགས་ལ་ཁ་གཏད་ཇི་ལྟར་གཅོག་ཚུལ་རྟོགས་ཁར་གེགས་འགོག་གེགས་སེལ་གྱི་རྩལ་ནུས་དང་བྱེད་ཐབས་ཀྱང་ཁོང་དུ་ཆུད་པར་བརྟེན།  ཕན་ཐོགས་ཧ་ཅང་ཆེན་པོ་བྱུང”ཞེས་གྲོང་མི་བསོད་ནམས་ཚེ་རིང་གིས་གེགས་འགོག་གེགས་སེལ་གྱི་དཔྱད་ཡིག་ལ་ཞིབ་པར་བལྟས་རྗེས་མྱོང་ཚོར་ཟབ་མོས་བརྗོད།

“ད་ལོའི་གེགས་འགོག་གེགས་སེལ་ཉིན་མོའི་བྱེད་སྒོའི་བརྗོད་དོན་གཙོ་བོར་དམིགས་ཏེ་མང་ཚོགས་ཀྱི་ཁྲོད་ཆུ་ལོག་གི་གནོད་འཚེ་དང་།  ཐན་པ། གངས་སྐྱོན། ས་ཡོམ། ས་གཤིས་ཀྱི་གནོད་འཚེ། ཁང་པའི་མེ་སྐྱོན།  ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སོགས་གེགས་བར་ཤེས་བྱ་སྣ་ཚོགས་དང་འགོག་སྲུང་ཁ་གཏད་གཅོག་པའི་གཞི་རྩའི་རྩལ་ནུས་སྔར་བས་ཁྱབ་གདལ་གཏོང་རྒྱུ་དགོས་གལ་ཤིན་ཏུ་ཆེ”ཞེས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་ཉེན་ཁ་ལྟ་སྐུལ་ཚད་ལེན་དང་ས་གཤིས་གནོད་འཚེ་རོགས་སྐྱོབ་ཁྲུའི་ཁྲུའུ་ཀྲང་གཞོན་པ་བཀྲ་ཤིས་ཀྱིས་བཤད་ཅིང་།  ཁོང་གིས“གེགས་འགོག་གེགས་སེལ་གྱི་འགག་རྩ་ནི་མི་ལ་རག་ལས།  མང་ཚོགས་ལ་ཉེན་ཁ་དོ་དམ་དང་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ན།  གནོད་འཚེའི་ཉེན་ཁ་ཉུང་གཏོང་དེ་ཚིག་ཙམ་དུ་མི་ལུས་པར་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་དགོས་པ་དང་།  མ་བྱུང་སྔོན་འགོག་བྱས་ཏེ་མུ་མཐུད་གནོད་འཚེ་འགོག་བཅོས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཚེ་སྲོག་གི་བདེ་འཇགས་འགོག་རགས་རྒྱུན་མཐུད་ངང་འཛུགས་སྐྱོང་བྱེད་དགོས”ཞེས་ཀྱང་བརྗོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།