“ལུག་མིག་མེ་ཏོག་གི་དཔལ་འབྱོར”ལས་གྲོང་གསེབ་ ཡུལ་སྐོར་དར་རྒྱས་

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-11-06 12:28:07


20181106115147.png

“ལུག་མིག་མེ་ཏོག་གི་དཔལ་འབྱོར”ལས་གྲོང་གསེབ་

ཡུལ་སྐོར་དར་རྒྱས་བྱུང་བ།

↑  གསེར་མདོག་གིས་བརྒྱན་པའི་སྟོན་དུས་སུ་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཀྲོའུ་ཤར་ལྷོ་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་མ་ཅང་རྫོང་ཤོན་ཝེ་གྲོང་རྡལ་ཡའོ་ཀུའུ་ཅང་གྲོང་ཚོས་བཏབ་པའི་ལུག་མིག་མེ་ཏོག་རབ་ཏུ་བཞད་པས་ཡུལ་སྐོར་བ་མང་པོ་མེ་ཏོག་གི་མཛེས་ལྗོངས་ལ་ལྟ་རྒྱུའི་ཡིད་དབང་བཀུག་ཡོད།  བསྡོམས་རྩིས་བྱས་པར་གཞིགས་ན།  འདི་ལོའི་ཟླ་9པར་ཡའོ་ཀུང་ཅང་གྲོང་ཚོའི་ལུག་མིག་མེ་ཏོག་གི་རྟེན་གཞི་སྒོ་ཕྱེ་བ་ནས་བཟུང་མེ་ཏོག་གི་མཛེས་ལྗོངས་ལ་ལྟ་མཁན་ཡུལ་སྐོར་བ་ཁྲི་30ལྷག་ཙམ་ཟིན་ཏེ།  “ལུག་མིག་མེ་ཏོག་གི་དཔལ་འབྱོར”གྱིས་གྲོང་གསེབ་ཡུལ་སྐོར་དར་རྒྱས་ཕྱིན་ཞིང་།  འདི་ནི་ཡུལ་སྐོར་བས་ཀུའེ་ཀྲོའུ་ཞིང་ཆེན་མ་ཅང་རྫོང་ཤོན་ཝེ་གྲོང་རྡལ་ཡའོ་ཀུའུ་ཅང་གྲོང་ཚོའི་ལུག་མིག་མེ་ཏོག་གི་རྟེན་གཞིའི་མཛེས་ལྗོངས་ལ་ལྟ་སྐོར་བྱེད་བཞིན་པ།

མཛེས་པའི་ཧྲང་ཧའེ་ཡིས་སྐུ་ཉིད་ལ་དགའ་བསུ་ཞུ།

←  ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་ཧྲང་ཧའེ་རུ་འགོ་ཚུགས་པ་དང་།  མཛེས་སྡུག་ལྡན་པའི་ཧྲང་ཧའེ་ཡིས་ཕྱོགས་བཞིའི་མགྲོན་པོ་བསུས་ཤིང་།  འདི་ནི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་གཉེར་ཡུལ།—རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་ཡིན་པ།

ཧྲའན་ཤིས་ཨན་སའེ་རུ་དམངས་ཁྲོད་སྒྱུ་རྩལ་ སྣ་ཁ་ལྔ་སློབ་ཁང་ནང་ཁྲིད་པ།

ཧྲའན་ཤིས་ཨན་སའེ་རུ་དམངས་ཁྲོད་སྒྱུ་རྩལ་

སྣ་ཁ་ལྔ་སློབ་ཁང་ནང་ཁྲིད་པ།

↑ ཉེ་བའི་ལོའི་ནང་། དམངས་ཁྲོད་ཀྱི་སྒྱུ་རྩལ་དར་སྤེལ་གཏོང་ཆེད།  ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་ཨན་སའེ་ཆུས་ཀྱིས་ཆུས་དེ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ལ་སྐེད་རྔ་རྡུང་སྟངས་དང་།  ཤོག་དྲས་འདྲ་གཟུགས་དྲས་སྟངས། ཞིང་པའི་རི་མོ་འབྲི་སྟངས། དམངས་གཞས་གཏོང་སྟངས།  ཧྲའན་པེའི་གཞས་མ་གཏམ་གཏོང་སྟངས་སོགས་བསླབས་ཏེ་དམངས་ཁྲོད་སྒྱུ་རྩལ་སྣ་ཁ་ལྔ་སློབ་ཁང་ནང་ཁྲིད་པས་ཨན་སའེ་ཡི་ཁྱད་ཆོས་ལྡན་པའི་བྱང་ཚད་སློབ་གསོའི་ལམ་བུའི་ཐོག་བསྐྱོད་ཅིང་།  འདི་ནི་ཨན་སའེ་ཆུས་སློབ་ཆུང་གཉིས་པའི་ལོ་རིམ་བཞི་པའི་སློབ་མ་ལི་ཡུས་མོང(མདུན)གིས་མཛེས་རྩལ་སློབ་ཚན་ཐོག་ཞིང་པའི་རི་མོ་འབྲི་སྟངས་སྦྱོང་བཞིན་པ།

རྩལ་ནུས་འགྲན་ནས་ཉམས་འགྱུར་མངོན།

↑  ཐེན་ཅིན་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་དྲུག་པ་དང་ཐེན་ཅིན་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་རྩལ་ནུས་ངོམ་པའི་དུས་ཆེན་སྐབས་གཉིས་པའི་བྱེད་སྒོ་ཐེན་ཅིན་གྱི་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་དུ་སྤེལ་ཞིང་།  ཐེན་ཅིན་གྲོང་ཁྱེར་ནས་ཡོང་བའི་འཐུས་མི་རུ་ཁག་18ཀྱི་དབང་པོ་སྐྱོན་ཅན་བདམས་ཐོན་པ་280ལྷག་ཙམ་ཇའི་སྒྱུ་རྩལ་དང་ལོང་བའི་བདེ་སྲུང་འཕུར་མཉེད་སོགས་རྣམ་གྲངས་16གི་འགྲན་བསྡུར་ནང་ཞུགས་ཤིང་།  འདི་ནི་བདམས་ཐོན་པས་རི་མོའི་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཞུགས་པའི་གནས་ཚུལ་ཡིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།