བོད་ཀྱི་མངོན་འགྱུར་བ་དང་ལས་གཏོད་ཉམས་མྱོང་མཉམ་སྤྱོད་བྱེད་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-12 11:19:16

QQ截图20181012105819.png

འདི་ནི་ཟླ་10ཚེས་9ཉིན་2018ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར་གྱི་བོད་ལྗོངས་ཡན་ལག་ཚོགས་རའི་བྱེད་སྒོ་སྤེལ་ཡུལ་དུ་ཚོགས་ཞུགས་མཁན་གྱིས་གསར་གཏོད་ལས་གཏོད་ཀྱི་ཐོན་རྫས་ཤེས་རྟོགས་བྱེད་པའི་གནས་ཚུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་10ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་2018ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར་གྱི་བོད་ལྗོངས་ཡན་ལག་ཚོགས་རའི་བྱེད་སྒོའི་གྲས་ཤིག་སྟེ“མཉམ་ལས་པ་ཡག་ཤོས·ལྷ་སའི་ས་ཚིགས”ཀྱི་བྱེད་སྒོ་ལྷ་སར་སྤེལ་བ་རེད།

ད་ཐེངས་ཀྱི་མཉམ་ལས་པ་ཡག་ཤོས་ཀྱི་བྱེད་སྒོའི་ནང་ལྷ་སའི་ཁྲོམ་རར་རྒྱ་སྐྱེད་ཀྱི་དགོས་མཁོ་ལྡན་པའི་ཧང་ཀྲོའུ་ལས་གཏོད་རྣམ་གྲངས་འཚོལ་བསྡུ་བྱས་པ་དང་རྣམ་གྲངས་ཀྱི་མཉམ་ལས་ནང་དོན་གྱི་ལམ་བསྒྲགས་དང་འགྲེམས་སྟོན་བརྒྱུད་ལྷ་ས་གྲོང་ཁྱེར་དུ་ཡུལ་དེའི་མ་རྩ་དང་། ཤེས་ལྡན་མི་སྣ། སྤྱོད་མཁན་སོགས་ཀྱི་ཐོན་ཁུངས་འབྲེལ་མཐུད་ཐུབ་ཡོད།

ལམ་བསྒྲགས་བྱེད་རིང་ཧང་ཀྲོའུ་རྣམ་གྲངས་ཕྱོགས་ཀྱི་འཐུས་མིས་ཀུང་སིའི་ལས་སྒོ་སྤེལ་སྟངས་དང་ཐོན་རྫས་ཞབས་ཞུ་རེ་རེ་བཞིན་ངོ་སྤྲོད་བྱས་པ་མ་ཟད། ཚང་མར་སྣ་མང་ཕུན་སུམ་ཚོགས་པའི་མཉམ་ལས་བྱེད་སྟངས་ཡོངས་བསྒྲགས་ཀྱང་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་པ་དང་ལྷ་སའི་གཞོན་ནུ་མངོན་འགྱུར་བ་80ལྷག་ཙམ་གྱིས་རྣམ་གྲངས་ལ་ལྟ་སྐོར་དང་རྣམ་གྲངས་ཀྱི་ཉམས་མྱོང་སློབ་སྦྱོང་བྱས་ཡོད། ལས་གཏོད་གཞོན་ནུ་ཚོས་སྐུ་མགྲོན་དང་སྤེལ་རེས་མཉམ་འགུལ་བྱས་ཏེ་རྣམ་གྲངས་སྐོར་གྱི་རང་ཉིད་ཀྱི་དོགས་གཞི་དྲིས་ནས་རྣམ་གྲངས་ཀྱི་འཁོར་རྒྱུག་བྱེད་སྟངས་སྔར་བས་ལེགས་པའི་ངང་ཤེས་རྟོགས་བྱས་ཡོད། བྱེད་སྒོ་མཇུག་འགྲིལ་རྗེས་ལས་གཏོད་གཞོན་ནུ་མི་ཉུང་བ་ཞིག་གིས་ད་དུང་རྣམ་གྲངས་ཕྱོགས་དང་གཅིག་གཏད་གཅིག་གི་གྲོས་བསྡུར་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།