ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ་ལས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-02-07 16:41:08

QQ截图20180206100950.png

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། བདག་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ནས་གྲོང་གསེབ་གཞུང་ལམ་གྱིས་རྒྱ་ཆེའི་ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་རམ་འདེགས་བྱེད་དགོས་པའི་རེ་བ་ཟབ་མོ་བཅོལ་གནང་བ་རེད།

གཞུང་ལམ་ཤར་གཏོང་ཐུབ་ན་ལས་རིགས་མ་ལུས་དར་ཐུབ། “གནམ་དྭངས་སྐབས་ཐལ་རྡུལ་གྱིས་ཁེངས་པ་དང་ཆར་པ་བབས་སྐབས་འདམ་རྫབ་ཀྱིས་ཁེངས་པ”དེ་ལོ་རྒྱུས་སུ་གྱུར་ནས་ཞིང་པ་དུང་ཕྱུར་6“མཁྲེགས་འགྱུར་ལམ་བུའི་ཐོག་སྐྱོད་པ་དང་འགྲུལ་སྐྱེལ་རླངས་འཁོར་ནང་སྡོད་རྒྱུ་བྱུང་བ”དེ་རིམ་བཞིན་དོན་དངོས་སུ་གྱུར་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་ནས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱིས་གྲོང་གསེབ་དེ་བས་སྟོབས་ཆེ་དང་། ཞིང་པ་དེ་བས་འབྱོར་ཕྱུག ཤང་གྲོང་དེ་བས་མཛེས་སྡུག་ལྡན་པར་གྱུར་ཅིང་། འདི་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་དུ་རླངས་འཁོར་རེ་སྐེད་ཀྱི་གཞུང་ལམ་ཐོག་སྐྱོད་བཞིན་པ།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།