རྒྱ་ཚ་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཀུན་ཁམས་གྲོང་ཚོའི་མཐོང་ཐོས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-01-12 12:20:13

QQ截图20180112105443.png

རྒྱ་ཚ་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཀུན་ཁམས་གྲོང་ཚོ་ཡིན་པ།

དྲོ་ཞིང་འཇམ་པའི་དགུན་ཁའི་ཉི་འོད་འོག་ཐོག་ཁའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་། ཁྱད་ཆོས་མངོན་གསལ་དོད་པའི་བོད་ལུགས་སྡོད་ཁང་རུ་སྟར་བསྒྲིགས་པ་དང་། དྭངས་གཙང་དྲི་མ་མེད་པའི་ཁ་བཏགས་དཀར་པོ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་ལ། བཀྲ་ཤིས་པའི་རྒྱལ་སྒོ་དམར་པོ་ཡངས་པོར་ཕྱེ་ནས་ཐག་རིང་མགྲོན་པོ་དགའ་བས་བསུ།

འདི་ནི་རྒྱ་ཚ་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཀུན་ཁམས་ཏེ་ལོག་གླེན་ཤང་ནས་སྤོས་པའི་དུད་ཚང་81གི་མང་ཚོགས་དབུལ་པོ་202ཀྱི་ཁྱིམ་གཞིས་གསར་པ་རེད།

ཐག་རིང་ལུང་ཁུག་དང་གྱེས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་སྤོས་པ།

“ད་ཆ་བུ་མོ་དང་མཉམ་དུ་སྡོད་ཁང་ཡག་པོ་འདི་འདྲའི་ནང་སྡོད་རྒྱུ་བྱུང་བ་ནི་འགོ་ཁྲིད་བཟང་པོ་དང་སྲིད་ཇུས་བཟང་པོའི་དྲིན་ཡིན་པས། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་རྒད་པོ་བྱམས་པ་ལགས་ཀྱིས་གཙོ་འཛིན་གྱི་སྐུ་པར་བཟུང་ནས་སེམས་འགུལ་ཐེབས་པའི་ངང་བརྗོད།

གསར་འགོད་པར་ཤེས་རྟོགས་བྱུང་གསལ། བཀོད་སྒྲིག་ཁང་པ་ཚང་མ་ནི་ཐོག་གཉིས་མ་ཡིན་ལ། “ཆུ་དང་། གློག རླངས། ལམ”བཅས་དང་དེ་བཞིན་བཙོག་ཆུ་གཙང་གསིང་སྒྲིག་བཀོད་ཚང་མ་བསྒར་ཡོད་པ་དང་། གཞན་ཡང་བཀོད་སྒྲིག་ས་ཚིགས་སུ་ད་དུང་བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། ཚོང་ལས་ཐོག་ཁང་། ཞིང་པའི་སྒོ་རྩིས་ཚོང་ཁང་། སྤྲོ་གསེང་ཐང་ཆེན། གད་སྙིགས་གཙང་སེལ་ས་ཚིཌ། ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་སོགས་རྨང་གཞིའི་སྒྲིག་བཀོད་ཀྱང་བསྐྲུན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ཚ་རྫོང་གི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ས་ཚིགས་ཀུན་ཁམས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.1916བཏང་བ་དང་། རྒྱ་ཁྱོན་མུའུ་708ཟིན་ཞིང་། དེ་ནི་མིག་སྔའི་དུད་ཚང་གནས་སྤོ་བྱས་པའི་དུས་ཐེངས་དང་པོའི་སྡོད་ཁང་ཡིན་པ་དང་། དུད་ཚང་228ཀྱི་མི་759ཟླ་12ཚེས་25གོང་དུ་སྡོད་ཁང་གསར་པར་སྤོས་པ་རེད།

“སྤྲང་ཚང”ནས་ཐོན་མ་ཐག“གསེར་ལེབ་ལྕུག”རྙེད་པ།

བདེ་སྡོད་བྱུང་ན་ལས་ལ་སྔར་བས་བརྩོན་དགོས། མང་ཚོགས་དབུལ་པོ་མགྱོགས་མྱུར་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ཆེད། རྒྱ་ཚ་རྫོང་གིས་ལས་དོན་འབོར་ཆེན་བསྒྲུབས་ཡོད་པ་སྟེ། རྒྱ་ཚ་རྫོང་བདེ་སྡོད་གཞུང་དོན་ཁང་གི་ཀྲུའུ་རེན་བཀྲ་ཤིས་དར་རྒྱས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མང་ཚོགས་དབུལ་པོ་ཚོ“སྤྲང་ཚང”ནས་སྤོ་བ་དང“སྤྲང་ལས”བསྒྱུར་ནས་གནས་སྤོས་མང་ཚོགས་ཀྱི་སླད་ཕྱིན་གྱི་ཐོན་སྐྱེད་དང་འཚོ་བ་འགན་ལེན་ཡོང་ཆེད། རྒྱ་ཚ་རྫོང་གིས་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་ལྷན་སྦྱར་ས་ཞིང་གསར་སྤེལ་དང་། ཞིང་ལས་སྐྱེ་དངོས་འདེབས་འཛུགས། འབྲས་ཤིང་ར་བ་གཉེར་སྐྱོང་། གསོ་ཚགས་ཁུལ་ཆུང་འཛུགས་སྐྲུན་སོགས་ཐོན་ལས་རྣམ་གྲངས་5ལག་བསྟར་བྱས་ཏེ། གནས་སྤོས་དུད་ཚང་ཚང་མ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱས་པ་རེད།

ཏང་གི་རྗེས་སུ་འབྲངས་ནས་བདེ་སྐྱིད་རྫོགས་ལྡན་གྱི་འཚོ་བ་སྐྱེལ་བ།

“ང་ཚོའི་གྲོང་ཚོ་རི་ཁུག་ཏུ་གནས་པས་ཞིང་ཆུ་འདྲེན་པར་ཕལ་ཆེར་གནམ་ལ་རྟེན་དགོས་པ་མ་ཟད། རི་ལམ་ཀྱག་ཀྱོག་མང་བས་བུ་ཕྲུག་སློབ་གྲྭར་སྐྱེལ་བསུ་བྱེད་པར་དཀའ་ངལ་ཤིན་ཏུ་ཆེ། ད་ཆ། མང་ཚོགས་ཚོ‘སྤྲང་ཚང’ནས་སྤོས་ཏེ‘གསེར་གྱི་ཁང་པར’སྡོད་རྒྱུ་བྱུང་ཡོད། འདི་དག་ཚང་མ་ནི་ཏང་དང་སྲིད་གཞུང་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་དང་། ང་ཚོ་མི་རབས་ཁ་ཤས་ཀྱིས་དཀའ་ལས་བརྒྱབ་ཀྱང་ཐོབ་སྲིད་ཀྱི་མ་རེད”ཅེས་གླིང་མདའ་ཤང་མ་ནེ་གྲོང་ཚོ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཁྲ་སིལ་གྱིས་བརྗོད།

“ད་ཆ། ཏང་དང་སྲིད་གཞུང་གིས་ང་ཚོར་ཁྱད་ལྡན་གསོ་ཚགས་ལས་རིགས་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ནས་ནོར་ལུག་སྤྲད་པས། ངས་བལྟས་ན། ཡུན་རིང་མ་འགོར་བར་ངའི་ཁྱིམ་ཡང་འབྱོར་འབྲིང་དུ་འགྱུར་རྒྱུ་རེད” “ད་ཆ། ཚང་མས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད”ཅེས་གནས་སྤོས་མང་ཚོགས་མིག་དམར་ཚེ་རིང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བརྗོད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།