ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་གྲོས་མོལ་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་།

| 2019-11-08 16:45:24

677703_yis_1573104406455.jpg

ཟླ་11ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་མདུན་དུ་མ་ཁེ་ལུང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་གྲོས་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཁ་ས་ངེད་གཉིས་མཉམ་དུ་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། ང་ཚོས་གཏམ་བཤད་ནང་འཛམ་གླིང་ཡོངས་ལ་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་པའི་བརྡ་རྟགས་དྲག་པོ་ཞིག་བཏང་ཡོད། ང་ཚོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་བརྗོད་གཞི་མང་པོར་སྦ་གསང་མེད་པ་དང་། གཏིང་ཟབ་པ། ཕན་འབྲས་ལྡན་པའི་སྤེལ་རེས་བྱས་ཏེ་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ཡོད། དེང་གི་འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་འཕྲད་པའི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་མཚོན་བྱེད་ཡིན་པའི་ཀྲུང་གོ་དང་ཧྥ་རན་སེས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དེ་བས་མང་པོ་འཁུར་བ། རྒྱལ་ཁབ་ཆེན་པོའི་ཐེག་ནུས་མངོན་པ་བཅས་བྱེད་དགོས་ངེས་རེད། བདག་གིས་ཀྱང་ཁྱེད་དང་མཉམ་དུ་འཛམ་གླིང་ལ་ཁ་ཕྱོགས་པ་དང་། འབྱུང་འགྱུར་ལ་ཁ་ཕྱོགས་པ། མི་དམངས་ལ་ཁ་ཕྱོགས་པ་བཅས་བྱས་ཏེ་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་བས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། རྒྱལ་ཁབ་ཆེན་པོའི་འབྲེལ་བའི་མདུན་གྲལ་དུ་མུ་མཐུད་སྐྱོད་འདོད་ཀྱང་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་ཀྲུང་ཧྥའི་འབྲེལ་བ་འཕེལ་རྒྱས་ཤུགས་ཆེན་འགྲོ་ཚུལ་མངོན་ཡོད། འདི་ལོའི་ཟླ་གསུམ་པར་ངས་ཧྥ་རན་སེར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་བྱས་ཚུན། ང་ཚོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་ཁག་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད། ཐའེ་ཧྲན་ཉིང་རྡུལ་གློག་ཁང་དང་པོ་དང་གཉིས་པའི་འཕྲུལ་ཙུའུ་ཚང་མ་བསྐྲུན་ཟིན་ནས་ཚོང་ལས་འཁོར་རྒྱུག་བྱེད་འགོ་ཚུགས་པ་དེས་གོ་ལ་ཧྲིལ་པོའི་ཉིང་རྡུལ་གློག་ཁང་རབས་གསུམ་པ་འཛུགས་སྐྲུན་ཐད་གྲུབ་འབྲས་ལྡན་པའི་མིག་དཔེ་བསྟན་ཡོད། རྒྱལ་ཁབ་གཉིས་པོས་ཀྲུང་ཧྥའི་བཟོ་ལས་མཉམ་ལས་ཀྱི་དཔེ་སྟོན་རྣམ་གྲངས་ཁག་གཉིས་པའི་གསལ་ཐོ་མཉམ་དུ་ཁྱབ་བསྒྲགས་བྱས་ཡོད། ཉེ་ཆར་ཀྲུང་གོ་སྲིད་གཞུང་གིས་ཕ་རི་སིར་ཡོ་སྒོར་དུང་ཕྱུར་40ཡི་བདག་དབང་བུན་འཛིན་བདེ་བླག་ངང་འགྲེམས་སྤེལ་བྱས་ཡོད། ཀྲུང་གོ་དང་ཧྥ་རན་སེས་ད་དུང་ཀྲུང་གོ་དང་ཡོ་རོབ་ཀྱི་ས་ཁམས་མཚོན་རྟགས་གྲོས་ཆོད་གྲོས་མོལ་ལ་མཉམ་དུ་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་དམིགས་ཚད་ཆེན་པོ་དྲུག་ལ་དམིགས་ཏེ་སྤེལ་རེས་མཉམ་ལས་ཕྱོགས་ཡོངས་དང་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་པོ་ཐོབ་པ་བྱེད་འདོད་ཡོད།

གཅིག་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ལ་སྲུང་སྐྱོང་དང་ཟབ་ཏུ་གཏོང་དགོས་ཤིང་། མུ་མཐུད་ཕན་ཚུན་བརྩི་འཇོག་བྱས་ཏེ་ཕན་ཚུན་གྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། ལྟེ་བའི་ཁེ་ཕན། དོ་ཁུར་ཆེན་པོ་བྱེད་ས་བཅས་ལ་བརྩི་འཇོག་བྱེད་པའི་རྣམ་འགྱུར་བྱ་སྤྱོད་ཐོག་འཁྱོལ་བ་བྱེད་དགོས་པ་དང་། ཁྲིམས་འཛུགས་ལས་ཁུངས་དང་། སྲིད་ཏང་། དམག་དཔུང་བཅས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་དང་ས་གནས་སྡེ་ཚན་ཁག་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་དང་སྐུལ་མ་གཏོང་དགོས། དྲ་རྒྱའི་བདེ་འཇགས་དང་འཇིགས་རྒོལ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།

གཉིས་ནས་རྣམ་གྲངས་ཆེན་པོའི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་ཉིང་རྡུལ་ནུས་པའི་ཐོན་ལས་འཁོར་འབྲེལ་ཆ་ཚང་གི་མཉམ་ལས་ཟབ་ཏུ་གཏོང་རྒྱུར་འབད་བརྩོན་བྱས་ཏེ་ཀྲུང་གོའི་ཁེ་ལས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོ་དང་ཕྱོགས་གསུམ་པའི་ཁྲོམ་ར་ཞིབ་དཔྱད་ཐད་མཉམ་ལས་གསར་པ་བྱ་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱས་ནས་ཉིང་རྡུལ་ནུས་པའི་རྨང་གཞི་དང་མཐོ་གསར་ལག་རྩལ་མཉམ་འབྲེལ་ཐོག་ཞིབ་བཟོ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན། གཞན་ཡང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གསར་པ་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན།

གསུམ་ནས་ཕྱོགས་གཉིས་ཀྱི་ཁྲོམ་རའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་ཚོང་དོན་དང་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་དོན་དང་མ་འཇོག་དེ་བས་རང་མོས་དང་སྟབས་བདེ་རུ་གཏོང་བ། ཁྲོམ་རའི་སྒྲིག་ལམ་དང་དྲང་སྙོམས་འགྲན་རྩོད་ཀྱི་རྩ་དོན་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོར་དམིགས་པའི་མཐོང་ཆུང་རྣམ་པའི་སྲིད་ཇུས་འདོན་རྒྱུ་མིན་པའི་འདོད་ཚུལ་དོན་ཐོག་ཏུ་འཁྱོལ་བའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་སྤུས་ལེགས་དང་བདེ་འཇགས་ལྡན་པའི་ཧྥ་རན་སེའི་ཞིང་ལས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱས་ནས་ཞིང་ལས་ཐད་ཕྱོགས་ཡོངས་ནས་མཉམ་ལས་བྱེད་འདོད་ཡོད། ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་བསམ་རྒྱ་ཆེ་ལ་དོ་སྙོམས་ཀྱི་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་ཅིག་མགྱོགས་ནས་མྱུར་དུ་འཇོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

བཞི་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་དེ་ཡོ་རོབ་མནའ་འབྲེལ་དང་ཡོ་རོབ་དང་ཨེ་ཤེ་ཡའི་མཉམ་སྦྲེལ་མཉམ་མཐུད་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་བྱེད་དགོས་ཤིང་། གཏན་ལ་འཁེལ་བའི་དཔེ་སྟོན་རྣམ་གྲངས་ཀྱི་གསལ་ཐོ་གང་མགྱོགས་དོན་འཁྱོལ་བྱེད་པ་དང་ཆབས་ཅིག་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ནང་ཁེ་ལས་དེ་བས་མང་པོ་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

ལྔ་ནས་གསར་གཏོད་མཉམ་ལས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཐུབ་པ་བྱེད་དགོས་ཤིང་། ཀྲུང་ཧྥའི་ཚན་རྩལ་མཉམ་ལས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཚུད་པའི་ཁོར་ཡུག་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཧྥ་རན་སེའི་ཁེ་ལས་དེ་བས་མང་བ་ཀྲུང་ཧྥའི་ཝུའུ་ཧན་སྣོད་བཅུད་དཔེ་སྟོན་གྲོང་འཛུགས་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ནུས་རྒྱུ་གསར་པའི་རླངས་འཁོར་དང་། རིག་ལྡན་དྲ་སྦྲེལ་རླངས་འཁོར། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན།

དྲུག་ནས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། མཉམ་དུ་2021ལོའི་ཀྲུང་ཧྥའི་རིག་གནས་ཡུལ་སྐོར་ལོ་ཡག་པོ་གཉེར་བ་དང་། རྟེན་རྫས་བཤམས་མཛོད་ཁང་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་ལམ་སྲོལ་ནང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་ལམ་རྨང་རྡོར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་བཅས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ནས། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་དེ་གྲོས་མོལ་གཅིག་མཐུན་གྱི་རྣམ་པའི་ཐོག་ནས་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། ལྷག་དོན་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ཁེ་དབང་འགན་ལེན་ཡང་བྱེད་འདོད་ཡོད། ཐུན་མོང་ཡིན་ལ་ཧེ་བག་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ནང་རྒྱལ་ཁབ་དེ་བས་མང་པོ་ཞུགས་རྒྱུར་སྐུལ་འདེད་བཏང་ནས《ཕ་རི་སེའི་གྲོས་ཆོད》ཕྱོགས་ཡོངས་ནས་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ཡིན།

མ་ཁེ་ལུང་གིས་གསུངས་དོན། ཧྥ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་55འཁོར་བའི་མཚམས་དེར་སླར་ཡང་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང་། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འགྲོ་འོང་ཡང་ཡང་བྱས་པས་ཧྥ་ཀྲུང་གི་མཛའ་གྲོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་སོང་ཡོད་ལ། དངོས་སྒྲུབ་མཉམ་ལས་ལ་ཡང་སྐུལ་མ་ནུས་ལྡན་ཐེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་ཀྲུང་མཉམ་ལས་ཟབ་གཏོང་ཐད་བཏོན་པའི་གཟིགས་ཚུལ་ལ་ང་རྦད་དེ་མོས་མཐུན་ཡོད། ཧྥ་ཀྲུང་གིས་རྒྱལ་སྤྱིའི་གནད་དོན་གལ་ཆེན་མང་པོར་ལངས་ཕྱོགས་གཅིག་པ་འཛིན་གྱི་ཡོད་པ་དང་མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་རྒྱལ་ཁབ་ཆེན་པོ་ཡིན་པའི་ཧྥ་ཀྲུང་རྒྱལ་ཁབ་གཉིས་ལ་གལ་འགངས་ཤིན་ཏུ་ཆེ་བའི་འགན་འཁྲི་ཡོད་ལ་ཧྥ་རན་སེས་ཀྲུང་གོ་དང་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེར་ཡང་དཔེ་སྟོན་གྱི་ནུས་པ་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་པོའི་དབར་གྱི་མི་མཐུན་ས་ཁག་གཅིག་ཐད་ཧྥ་རན་སེས་ཕན་ཚུན་བརྩི་འཇོག་ཀྱི་སྙིང་སྟོབས་ཐོག་ནས་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད། ཧྥ་རན་སེའི་ཁེ་ལས་ཀྱིས་ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་གོ་སྐབས་དམ་འཛིན་བྱེད་པ་དང་སྔར་བས་ཀྲུང་གོའི་ཁྲོམ་རར་ཞུགས་ནས་ཀྲུང་གོར་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ་དང་། མཁའ་འགྲུལ་དང་། འཇིག་རྟེན་འཕུར་སྐྱོད། དམངས་སྤྱོད་ཀྱི་ཉིང་རྡུལ་ནུས་པ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གསར་གཏོད་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།

གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་དེའི་ནང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་དང་། ཉིང་རྡུལ་ནུས་པ། འཕྲལ་སྡོམ་དོ་དམ། རིག་གནས་ཤུལ་བཞག ཞིང་ལས། བཟོ་ལས། རང་བྱུང་སྲུང་སྐྱོང་། དངུལ་རྩ། ཕྱོགས་གསུམ་པའི་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཀྲུང་ཕྱིའི་གསར་འགོད་པ་དང་མཇལ་འཕྲད་གནང་བ་དང་འབྲེལ་ཀྲུང་གོ་དང་ཡོ་རོབ་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཡོ་རོབ་མནའ་འབྲེལ་དབར་གྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་དང་མཉམ་ལས་ཀྱི་གྲོས་ཆོད་གྲོས་མོལ་མཇུག་སྒྲིལ་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་ཡང་གནང་བ་རེད།

རྒྱལ་ཁབ་གཉིས་པོས《ཀྲུང་ཧྥའི་འབྲེལ་བའི་བྱ་སྤྱོད་འཆར་གཞི》དང《ཀྲུང་ཧྥའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་གི་པེ་ཅིང་གྲོས་འགོ》ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་རེད།

མ་ཁེ་ལུང་གིས་དཔང་པོ་གནང་བ་བརྒྱུད། ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་ཧྥ་རན་སེའི་གཞུང་ཚབ་ཆེ་མོ་བ་གསར་པ་ལུའོ་ལེའང་གིས་ཕུལ་བའི་རྒྱལ་ཁབ་ཀྱི་གཞུང་ཡིག་བཞེས་པ་རེད།

གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་མདུན་དུ་མ་ཁེ་ལུང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་དང། ཕེང་ལི་ཡོན་དང་། དབྱང་ཅེ་ཁྲེ། ཧུའུ་ཁྲུན་ཧྭ། ཚའོ་ཅན་མིང་། ཝང་དབྱི། ཤ་པའོ་ལུང་། ཧོ་ལི་ཕུང་སོགས་ལྷན་དུ་ཕེབས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།