དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་པ།

ཀྲུང་གོ་གསར་འགྱུར་ཁང་།

| 2019-10-30 17:39:48

ཚེས་28ཉིན། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2019ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་30.61ལྷག་ཙམ་ཟིན་པ་དང་། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་25.30དང་། ནང་འདྲེན་སྒོར་དུང་ཕྱུར་5.31ཟིན་ནས་ཚོང་དོན་དྲང་ཁྱད་སྒོར་དུང་ཕྱུར་19.99ཟིན་ཡོད་པ་རེད།

དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ཀྱི་མཐའ་མཚམས་ཀྱི་འབོར་ཉུང་ཚོང་དོན་གཙོ་ཁྲིད་དུ་བྱས་ཏེ་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་20.26ཟིན་ནས་31.8%འཕར་བ་དང་། མཐའ་མཚམས་གྲོང་མིའི་ཁྲོམ་རའི་ཕྱིར་གཏོང་ནང་འདྲེན་བྱེད་ཤུགས་ཆེ་རུ་ཕྱིན་ཏེ་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.69ཟིན་ནས་ལྡབ་2.1འཕར་ཡོད། གཞན་ཡང་། རྒྱལ་ཁབ་དང་ས་ཁུལ་56དང་ཚོང་དོན་སྤེལ་རེས་བྱས་པ་དང་ནེ་པ་ལ་ནི་ཚོང་དོན་རོགས་ཟླ་ཨང་དང་པོ་དང་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་ཡིན་པ་རེད།

བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་ནང་། ལྷ་སའི་ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་སྒོར་དུང་ཕྱུར་25.34ཟིན་ནས་མུ་མཐུད་མདུན་གྲལ་དུ་སླེབས་ཏེ་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་82.8%བཟུང་བ་དང་། གཞིས་རྩེའི་ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་སྒོར་དུང་ཕྱུར་3.12ཟིན་ཏེ་ལྡབ་2.4འཕར་ནས་འཕར་ཤུགས་ཆེ་ཤོས་ཡིན་པ་རེད།

གཞན་ཡང་། དོ་ཁུར་བྱེད་འོས་པ་ཞིག་ནི་ཉིང་ཁྲིར་ཟླ་དགུ་པར་འདི་ལོའི་ཕྱི་ཕྱོགས་ཚོང་དོན་ལ་ཚད་བརྒལ་བྱུང་ནས་དེ་གའི་སྨན་རྫས་ཁེ་ལས་ཀྱིས་ཨ་རིར་སྒོར་ཁྲི་67རི་བའི་སྨན་རྫས་ཕྱིར་གཏོང་བྱས་ནས་གྲོང་ཁྱེར་དེའི་ཕྱི་ཕྱོགས་ཚོང་དོན་གྱི་སྟོང་ཆ་བསྐངས་པ་དང་། ཆབ་མདོ་གྲོང་ཁྱེར་ཁོངས་གཏོགས་ཁེ་ལས་ཀྱིས་རང་བརྟེན་ལས་སྣོན་ཐོན་སྐྱེད་བྱས་པའི་འབྲི་གཡག་གི་རྩིད་པ་ལས་བཟོས་པའི་སྐྲ་མཛེས་བཟོའི་མཁོ་ཆས་མེ་གླིང་ལྷོ་མར་བཙོངས་ཡོད་པ་རེད།

ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་ཁྲུའུ་ཀྲང་དགྲ་འདུལ་གྱིས་2019ལོ་ཚུན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཡུལ་བབ་དང་བསྟུན་ནས《བོད་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བར་སྔར་བས་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་བྱ་ཐབས་འགའ་ཞིག》བཏོན་ནས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན“བརྟན་པོ་འགན་ལེན་དང་འཕར་བར་སྐུལ་འདེད”གཏོང་ཆེད་མུ་མཐུད་ནུས་ཤུགས་བཏོན་ཡོད། གོམ་སྟབས་རྗེས་མར། ལྷ་ས་འགག་སྒོས“གྲངས་གཞི+ཞིབ་འཇུག”དམ་འཛིན་བྱེད་གཞིར་བྱས་ཏེ་སྤྱི་དམངས་ལ་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་གྲངས་གཞི་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་ཐབས་ཇུས་འདིང་ཆེད་སྔར་བས་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།