​ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་མི་རིགས་མཐུན་སྒྲིལ་སྐོར་གྱི《བསམ་འཆར》ཞིག་བཀྲམ་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2019-10-25 16:43:28

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་ཡུན་རིང་གཏིང་ཟབ་སྤེལ་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

《བསམ་འཆར》ནང་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྐྱེད་སྲིང་བྱེད་པར་དམིགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་གསར་གཏོད་དང་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་དང་རྒྱ་བསྐྱེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོཌ་རིང་ལུཌ་ཀྱི་མི་རིཌ་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་ཕྱིན་ཡོད། དུས་མཚུངས་དུས་བབ་གསར་པའི་འོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་སྔར་བཞིན་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་མི་ཚང་ཞིང་། གཞི་རྟེན་དང་བྱེད་སྟངས་འཚམ་པོ་མེད་པ་སོཌ་ཀྱི་ཞན་ཆའི་ལྷུ་ཚིཌ་ཡོད་པའང་མཐོང་དགོས། དུས་རབས་གསར་པར་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་འཚམ་པར་མི་རིགས་ཁག་གི་མང་ཚོགས་ཀྱིས་བྱེད་པོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་རྩ་བའི་ཁ་ཕྱོགས། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་རྩ་བའི་ཐབས་ལམ་བཅས་སུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་ཡུན་རིང་གཏིང་ཟབ་སྤེལ་དགོས་པ་ནི། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་བླང་བྱ་རེད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལྡོག་མེད་བླང་བྱའང་རེད།

《བསམ་འཆར》ནང་བསྟན་དོན། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་དང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”པའི་སྤྱིའི་དམིགས་ཚད་ལ་དམ་པོར་གཞིགས་ཏེ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ། “རྣམ་ཀུན་དང་། བསམ་བློ་སྤེལ་རེས། བྱ་སྤྱོད། གཞི་རིམ་བཅས་གལ་ཆེར་འཛིན་པའི”འདུ་ཤེས་རྒྱུན་འཁྱོངས་བྱེད་པ། མི་ཆོས་ཅན་དང་། དངོས་ཚན་ཅན། སྤྱི་དམངས་ཅན་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་ཡུན་རིང་གཏིང་ཟབ་སྤེལ་བ། གསར་གཏོད་ཀྱི་བྱེད་པོ་མངོན་གསལ་དོད་པ། གསར་གཏོད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ། གསར་གཏོད་ཀྱི་ནང་དོན་ཟབ་ཏུ་གཏོང་བ། གསར་གཏོད་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། ཐེ་ཞུགས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་བ། གསར་གཏོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཤུགས་ཆེན་གཏོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བསམ་བློའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་པ་དེ་རེད།

《བསམ་འཆར》ནང་བསྟན་དོན། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཐད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་རྩ་བའི་ཁ་ཕྱོགས་སུ་མཐའ་འཁྱོངས་དང་། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་རྩ་བའི་ཐབས་ལམ་དུ་མཐའ་འཁྱོངས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་རྒྱུ”རྩ་བའི་དམིགས་ཚད་དུ་མཐའ་འཁྱོངས། ཁྲིམས་ལྟར་མི་རིགས་ཀྱི་ལས་དོན་ལ་བཅོས་སྐྱོང་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་མཐུན་སྒྲིལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ་དྲང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་ཏེ་མཉམ་ཤུགས་ཆགས་པ་མཐའ་འཁྱོངས་བཅས་བྱེད་དགོས།

《བསམ་འཆར》ནང་བླང་བྱ་བཏོན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རླབས་ཆེན་མེས་རྒྱལ་གྱི་མོས་སེམས་དང་། ཀྲུང་ཧྭ་མི་རིགས་ཀྱི་མོས་སེམས། ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས། ཀྲུང་གོ་གུང་ཁྲན་ཏང་གི་མོས་སེམས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མོས་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་བྱས་ཡོད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱལ་དམངས་ཀྱི་སློབ་གསོ་དང་། ཀུན་སྤྱོད་འཛུགས་སྐྱོང་། རིག་གནས་གསར་གཏོད། ཐོན་སྐྱེད་དང་འཚོ་བ་བཅས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རྒྱལ་དམངས་ཀྱི་སློབ་གསོ་དང་། ལས་བྱེད་པའི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་བཅུག་ནས་སློབ་ཁང་གི་སློབ་ཁྲིད་དང་། སྤྱི་ཚོགས་ཀྱི་ལག་ལེན། བརྗོད་དོན་གཙོ་བོའི་སློབ་གསོ་བཅས་ཕྱོགས་མང་གཞི་གཅིག་གི་སློབ་གསོའི་ལས་སྟེགས་གཏོད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཀྱི་གཞི་རྟེན་དང་བྱེད་སྟངས་ལེགས་སུ་བཏང་ནས། ལག་རྩལ་གསར་པ་དང་སྨྱན་སྦྱོར་གསར་པ་གང་ལེགས་སྤྱད་དེ་དངོས་ཚན་ཅན་གྱི་དྲིལ་བསྒྲགས་ཀྱི་གཞི་རྟེན་གཏོད་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་དྲ་རྒྱའི་བར་མཐོངས་རྒྱ་ཆེར་བཏང་ནས“དྲ་སྦྲེལ་+མི་རིགས་མཐུན་སྒྲིལ”གྱི་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ། དྲ་ཐོག་གི་རིག་གནས་སྤེལ་རེས་མཉམ་སྤྱོད་ཀྱི་ལས་སྟེགས་བཏོད་ནས་དྲ་སྦྲེལ་གྱི་བར་མཐོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་སྟེགས་གསར་པར་སྐྲུན་དགོས།

《བསམ་འཆར》ནང་བླང་བྱ་བཏོན་དོན། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ཕན་ཚུན་ཕྲ་བཏབ་པ་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་མཉམ་སྡོད་མཉམ་སྦྱོང་མཉམ་ལས་མཉམ་སྤྲོའི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་གཏོད་པ། མི་རིགས་ཁག་གི་མང་ཚོགས་སྤེལ་རེས་དང་། མཛའ་བརྩེ་སྐྱེད་སྲིང་། མཐུན་འགྲིག་ཡོང་བའི་ལས་དོན་སྤེལ་བ་བཅས་བྱས་ནས། ཁ་འབྲལ་ཐབས་མེད་པའི་གཅིག་མཐུན་འདུས་གྲུབ་ཆགས་པར་བྱེད་དགོས་པའི་ནན་བཤད་བྱས་ཡོད། མི་རིགས་ཁག་གི་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བའི་རིག་གནས་ཀྱི་ཟམ་པ་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ལ་བརྟེན་ནས་མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་སྣེ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཁྱད་ཆོས་ལྡན་པའི་མང་ཚོགས་རང་བཞིན་གྱི་སྤེལ་རེས་བྱེད་སྒོ་སྤེལ་ནས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ལག་ལེན་སློབ་གསོའི་བྱེད་སྒོ་རབ་དང་རིམ་པའི་ལས་སྟེགས་གཏོད་དགོས། འབྱོར་འབྲིང་སྤྱི་ཚོགས་མགྱོགས་མྱུར་བསྐྲུན་ཐུབ་པར་བྱས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་སྟེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བ་སྔར་བས་མངོན་གསལ་དོད་པའི་འཐབ་ཇུས་གནས་བབ་ཏུ་བཞག་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས།

《བསམ་འཆར》ནང་བླང་བྱ་བཏོན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་སྟེ། ལས་དོན་གྱི་ལྟེ་བ་སྡེ་ཁུལ་དང་། གྲོང་གསེབ། སློབ་གྲྭ ཁེ་ལས། ལེན་ཏུའེ་སོགས་གཞི་རིམ་ཚན་པར་ཕྱོགས་དགོས་པའི་ནན་བཤད་བྱས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རིམ་ཁག་དཔེ་སྟོན་ཁུལ་གྱིས་ཀུན་གྱི་སྔོན་ལ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་དེང་རབས་ཅན་མཉམ་འགྲོས་དང་། སྤྱི་པའི་ཞབས་ཞུ་གཅིག་མཚུངས། ཁྲིམས་སྐྱོང་འགན་སྲུང་གི་དབང་ཆ་མཉམ་པ། བསམ་པའི་ཁྱིམ་གཞིས་མཉམ་སྐྲུན། སྤྱི་ཚོགས་ཞི་མཐུན་མཉམ་གཏོད་བཅས་ལ་སྐུལ་འདེད་བཏང་ནས། ཁྱད་ཆོས་མངོན་གསལ་དོད་པོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པ་གཏོད་དགོས། མི་རིགས་ཀྱི་ལས་དོན་ལ་བཅོས་སྐྱོང་བྱེད་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་རིགས་ཁག་གི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་མཐའ་གཅིག་ཏུ་རྡུང་རྡེག་གཏོང་དགོས།

《བསམ་འཆར》ནང་ནན་བཤད་བྱས་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་སྒྲུབ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ས་གནས་ཏང་སྲིད་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་སྲིད་སྐྱོང་བྱས་རྗེས་ལ་དཔྱད་ཞིབ་བྱེད་པའི་ནང་དོན་གྱི་ཁོངས་སུ་འཇུག་དགོས། སྲིད་ཇུས་ཀྱི་འགན་ལེན་ཤུགས་ཆེན་བྱེད་པ་དང་། དྲང་ཕྱོགས་ཀྱི་སྐུལ་ལྕག་ལམ་སྲོལ་འཛུགས་པ། དཔེ་སྟོན་དང་དཔེ་བཟང་སྐྱེད་སྲིང་དང་འདེམས་པའི་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཞི་རིམ་འཐབ་ཕྱོགས་དང་པོར་སྔར་བས་གཟིགས་སྐྱོང་བྱེད་དགོས། ཤེས་དཔལ་གྲོང་ཁྱེར་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱེད་རིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་གནས་བབ་ལེགས་སུ་འོས་འཚམ་གཏོང་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།