བོད་ཀྱིས“གསར་བརྗེ+”ཀྱི་ཡུལ་སྐོར་ལམ་ཐིག་གཅིག་དང་ཚ་གཡོལ་ལམ་ཐིག་5བཏོད་པ།

ཤིན་ཧྭ་གསར་འགྱུར་ཁང་།

| 2019-09-24 17:20:11

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་21ཉིན་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་ཆར། བོད་ཀྱིས་ཉིང་ཁྲི་གྲོང་ཁྱེར་དུ“གསར་བརྗེ+”ཀྱི་མཉམ་འདུས་ཡུལ་སྐོར་ལམ་ཐིག་གཅིག་བཏོད་པ་སྟེ། ལྷ་ས་ནས་ཀླུ་སྣང་གྲོང་རྡལ་དང་། སྤོ་བོ་རྫོང་། བྲག་གསུམ་མཚོ་བར་གྱི་སྤུས་ལེགས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་རེད། དེ་དང་དུས་མཚུངས་ད་དུང་བོད་ཤར་རྒྱུད་ཀྱི་གསང་ལམ་དང་། བྲག་གསུམ་མཚོའི་བྱེས་བགྲོད། བོད་ཤར་རྒྱུད་སྐོར་བ། གཡེང་གྲུ་གཏོང་བ། ཚ་རླངས་ལྒང་ཕུག་གཏོང་བ་བཅས་ཚ་གཡོལ་ཡུལ་སྐོར་ལམ་ཐིག་5བཏོད་ཡོད།

“གསར་བརྗེ+”ཀྱི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་གིས་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་ཀྱི“ལྷ་སའི་ཐན་ཀོན་སན་དྲན་གསོ་ཁང”དང“སྤོ་བོ་རྫོང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་པ་དམར་པོ”“ཐང་སྨད་ཀྱི་ཁྲོན་བོད་ལམ་ཐིག་གི་དཔའ་བོ་བཅུའི་དྲན་གསོའི་རྡོ་རིང”སོགས་གསར་བརྗེའི་རྟེན་གཞི་མང་པོ་ལས“གསར་བརྗེའི་ཡུལ་སྐོར་མཉམ་འབྲེལ”ཞིག་གྲུབ་པ་དང་། གསར་བརྗེའི་རིག་གནས་ཀྱི་སྙིང་སྟོབས་གཅིག་ཏུ་འདུས་པ་དང་དུས་མཚུངས་ལམ་རྒྱུད་ཀྱི་སྣོད་བཅུད་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར་འབྲེལ་མཐུད་བྱས་ཡོད་པ་རེད།

“ཐོག་ཁང་དམར་པོ་ནི་དེ་སྔོན‘ཁྲབ་རྨོག་སྲུང་སྐྱོབ་དམག་འཁྲུག’གི་བཀོད་འདོམས་ལྟེ་གནས་ཡིན་པ་དང་། བོད་ཀྱི་ཤར་ལྷོའི་རྒྱུད་ཀྱི་ཉིང་ཁྲིར་གནས་ཡོད། དེ་2013ལོར་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་གྱུར། ང་ཚོས་ཐོག་ཁང་དམར་པོའི་ཤུལ་གཞག་ལ་སླར་གསོ་དང་སྲུང་སྐྱོང་བྱེད་དོན་ནི་མི་རྣམས་ཀྱིས་སྤོ་བོའི་གསར་བརྗེའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་ཐུབ་པ་དང་ཁང་པ་དམར་པོའི་སྙིང་སྟོབས་དར་སྤེལ་གཏོང་ཆེད་རེད”ཅེས་ཐོག་ཁང་དམར་པོའི་འགྲེལ་བཤད་པ་ཀྲང་ཆིང་ཁྲུང་གིས་བརྗོད།

“གསར་བརྗེའི་ཡུལ་སྐོར་གྱི་རྒྱལ་གཅེས་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྤེལ་བའི་གསོན་ཉམས་དོད་པའི་སློབ་ཚན་ཞིག་ཏུ་གྱུར་བ་དང་། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རླབས་ཆེའི་རྒྱང་སྐྱོད་ལམ་བུ་མངོན་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས་བརྗོད། ད་དུང་ཁོང་གིས“ཡུལ་སྐོར་ལམ་ཐིག་དེ་དག་གསར་གཏོད་བྱས་པ་དེས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རྣམ་སྔར་བས་འཐུས་སྒོ་ཚང་དུ་དང་ཡུལ་སྐོར་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སུ་ཕྱིན་པ་མ་ཟད། ཡུལ་སྐོར་བར་བོད་ཀྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཉམས་ལེན་དང་དུས་མཚུངས་གསར་བརྗེའི་སློབ་གསོ་དང་ལེན་བྱས་ཏེ་བསམ་པའི་གོ་རྟོགས་མཐོ་རུ་གཏོང་ཐུབ”ཅེས་བརྗོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།