ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་གནང་བ།

ཀྲུང་གོའི་བོད་ཀྱི་་གསར་འགྱུར་དྲ་བ།

| 2019-09-12 11:27:04

ལི་ཁེ་ཆང་དང་ཝང་ཧུའུ་ཉིང་རྣམ་གཉིས་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་པ།

QQ截图20190912094909.jpg

ཟླ་9ཚེས་10ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་2019ལོའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་གཟེངས་བསྟོད་ཐོབ་མཁན་གྱི་འཐུས་མིར་མཇལ་འཕྲད་གནང་བ།

དགེ་རྒན་དུས་ཆེན་ཐེངས་སོ་ལྔ་པ་འཆར་བའི་སྐབས་སུ་2019ལོའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཚེས་10ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་གཟེངས་བསྟོད་ཐོབ་མཁན་གྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་རྣམ་གཉིས་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད། སྔ་དྲོའི་ཆུ་ཚོད་11པར་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཕེབས་སྐབས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་དུ་ཕེབས་ཏེ་ཚང་མར་སྤྲོ་སེམས་འཁོལ་པོས་ཕྱག་བཏང་གནང་བ་དང་བཀའ་མོལ་གནང་བ་དང་སྦྲགས་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་སྒྲོན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་པ་དང་སྦྲགས། གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་རིང་རང་རྒྱལ་གྱི་སློབ་གསོའི་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། རྒྱ་ཆེའི་དགེ་རྒན་ཚོས་དགེ་དཔེ་གཞན་སྟོན་དང་བློ་རྩེ་གཅིག་སྒྲིམ་གྱིས་མི་སྣ་གསོ་སྐྱོང་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་ཡར་ཐོན་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རྒྱ་ཆེའི་དགེ་རྒན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོ་ངེས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་རྒྱུར་དམིགས་ནས་ཏང་ལ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་གིས་ཀུན་སྤྱོད་ལ་བརྟེན་ནས་སློབ་གསོ་ལག་བསྟར་བྱེད་པ་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་དང་། དཀའ་སྤྱད་བརྩོན་ཞིབ་དང་དགེ་སློབ་གཉིས་འཕེལ། བརྩི་འཇོག་གུ་ཡངས་དང་ནན་གཅེས་མཉམ་སྤྱོད་ཀྱིས་ཏང་དང་མི་དམངས་བློ་ཡིད་ཚིམ་པའི“བཞི་ལྡན”གྱི་དགེ་རྒན་ཡག་པོ་ཞིག་བྱེད་དགོས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དགེ་རྒན་གྱི་ཐོབ་ཐང་སྔར་བས་མཐོ་རུ་གཏོང་བ་དང་དགེ་རྒན་ལས་རིགས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་ནས་དགེ་བཀུར་སློབ་བརྩིའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག“རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན”718དང་། “རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པ”79 “རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”597བཅས་དང་དེ་བཞིན“རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”1432དང“རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་གསོའི་ལས་དོན་པ”158བཅས་ལ་གཟེངས་བསྟོད་བྱས་པ་དང“རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཀྱི་གྲུབ་འབྲས་བྱ་དགའ”ཁག་1355སྤྲད་པ་རེད། དེ་གོང་སློབ་གསོ་པུའུ་སོགས་ཀྱིས་ད་དུང“རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ”10འོས་འདེམས་བྱས་པ་རེད།

རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་གྱི་འཐུས་མི་ཧོ་པེ་ཞིང་ཆེན་ཤིན་ཅི་གྲོང་ཁྱེར་ཆིང་ཧོ་དབན་སློབ་གྲྭའི་དགེ་རྒན་ཀྲང་མོང་ཝུའེ་དང་། རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེའི་འཐུས་མི་ཀོང་ཤིས་པེ་ཧའེ་གྲོང་ཁྱེར་ཝུའེ་ཀྲོའུ་ཏའོ་བུ་བཅོལ་ཁང་གི་དགེ་རྒན་ཧྥན་ཧུའེ་ལི། རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མི་སུའུ་ཀྲོའུ་འཛུགས་སྐྲུན་འགྲིམ་འགྲུལ་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་སྤྱི་ཧའོ་ཡུན་ལེའང་། རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཐོབ་མཁན་གྱི་འཐུས་མི་སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཤེ་ཧོ་ཕིང་བཅས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།