ཡིག་རྨོངས་ཀྱིས་བཅུ་ཆ་བརྒྱད་བཟུང་བ་ནས་མཐོ་རིམ་སློབ་གསོ་ཁྱབ་གདལ་དུ་སོང་བའི་ལོ་70

མི་དམངས་ཉིན་རེའི་ཚགས་པར།

| 2019-09-09 10:38:57

ད་དུང་ཁོ་མོ་དྲན་གྱི་འདུག་གམ། ལག་ཏུ་ཞྭ་སྨྱུག་འཁྱེར་ཞིང་གྲུང་ཤ་དོད་པའི་མིག་ཟུང་ལས་ཤེས་བྱ་སྦྱོང་འདོད་ཀྱི་རེ་བས་ཕྱུག་པའི་སུའུ་མིང་ཅོན་གྱི“ང་སློབ་གྲྭར་འགྲོ་གི་ཡིན”ཞེས་བྲིས་པའི་འདྲ་པར་ཞིག་གིས་མི་མི་ཉུང་བ་ཞིག་ལ་བག་ཆགས་ཟབ་མོ་བཞག

“ངའི་སྤོ་བོ་དང་རྨོ་བོ་ཡིག་རྨོངས་ཡིན་པ་དང་། ཕ་མ་གཉིས་པོ་དམའ་འབྲིང་ཐོན་པ། ང་རང་སློབ་ཆེན་ཐོན་པ་ཞིག་ཡིན། ང་རང་ཁྱིམ་ཚང་གི་མི་རབས་གསུམ་གྱིས་ལོ་70ཡི་རིང་ཀྲུང་གོའི་སློབ་གསོ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དངོས་སུ་མཐོང་བྱུང”ཞེས་སུའུ་མིང་ཅོན་གྱིས་བཤད།

ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་སྐབས་རྒྱལ་ཡོངས་ཀྱི་མི་འབོར་ཁྲོད་ཀྱི་80%ཡིག་རྨོངས་ཡིན་ཞིང་། རིག་གནས་ཆུ་ཚད་ཧ་ཅང་དམའ་དྲགས་པ་དེ་མི་རིགས་འཕེལ་རྒྱས་ཡར་ཐོན་གྱི་འགོག་རྐྱེན་ཚབས་ཆེན་ཞིག་ཏུ་གྱུར་ཡོད།

ལོ་70ཡི་རིང་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་གཏན་འཁེལ་བྱས་པ་དང་འོས་འགན་སློབ་གསོའི་བཅའ་ཁྲིམས་ཡོངས་བསྒྲགས་དང་ལག་ལེན་བསྟར་བ་ནས། ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པའི་བར། ཀྲུང་གོའི་འོས་འགན་སློབ་གསོ་ཁྱབ་གདལ་བྱུང་ཚད་འཛམ་གླིང་གི་ཡོང་འབབ་མང་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་སྐབས་མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་ཐུབ་ཚད་0.26%ལས་མེད། 2019ལོར་སློབ་གསོ་པུས། རང་རྒྱལ་དུ་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་མཐོ་རིམ་སློབ་གསོའི་མ་ལག་བཙུགས་པ་ལས་མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་ཐུབ་ཚད་48.1%ཟིན་རྒྱུ་ཡིན་པ་དང་མཐོ་རིམ་སློབ་གསོ་ཁྱབ་གདལ་ཅན་གྱི་དུས་མཚམས་སུ་སླེབས་རྒྱུ་ཡིན་པ་དེ་ཐོག་ནས་སློབ་ལོ་ལོན་པའི་གཞོན་ནུ་ཕྱེད་ཀ་ཡན་གྱིས་མཐོ་རིམ་སློབ་གསོ་དང་ལེན་བྱེད་ཆོག་གི་ཡོད་པ་མཚོན་གྱི་ཡོད་ཅེས་ཁྱབ་བསྒྲགས་བྱས།

རྨང་གཞིའི་སློབ་གསོ་དང་མཐོ་རིམ་སློབ་གསོ་འཕེལ་རྒྱས་ཕྱིན་པ་ལས་རྒྱལ་དམངས་ཀྱི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་ཕྱིན་པ་མ་ཟད། ངལ་རྩོལ་པའི་ལག་རྩལ་དང་རྩལ་ནུས་ཀྱང་ཆེ་རུ་ནུས་ལྡན་སོང་ཡོད།

ཐེན་ཅིན་གྲོང་ཁྱེར་ཅིས་ཀྲོའུ་ཆུས་ཀྱི་རི་གྲོང་ཞིག་ནས་ཡིན་པའི་ཉེ་ཧྥུང་ལོ་འགའ་ཤས་གོང་འཛིན་གྲྭའི་ཀྲུའུ་རེན་གྱིས་གྲོས་འགོ་བཏོན་པ་བརྒྱུད། འབྲིང་རིམ་ལས་རིགས་སློབ་གྲྭ་ཞིག་ཏུ་གྲངས་འཛིན་ཚོད་འཛིན་གྱི་ཆེད་ལས་སྦྱོང་བར་བསྐྱོད། དེ་རྗེས་ཁོང་རྒྱལ་ཡོངས་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོར་ཞུགས་པར་བྱ་དགའ་ཐོབ་ནས་བདེ་བླག་ངང་མཐོ་རིམ་ལས་རིགས་སློབ་གྲྭར་མུ་མཐུད་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུའི་གོ་སྐབས་ཐོབ། སློབ་གྲྭ་ཐོན་རྗེས་ཁོང་གིས་ཧ་ཅང་མཐོ་བའི་ལག་རྩལ་གྱི་ཆུ་ཚད་དང་འགན་འཁུར་བའི་ལས་རིགས་ཀྱི་སྙིང་སྟོབས་ཐོག་ནས་པིན་ཧའེ་ཁུལ་གསར་གྱི་མིང་གྲགས་ཆེ་བའི་ཁེ་ལས་ཤིག་ཏུ་རང་ཉིད་ཀྱི་འཇོན་ཐང་ངོམས་པར་བསྐྱོད།

ཉེ་ཧྥུང་དང་འདྲ་བའི་ཕྲུ་གུ་མི་རབས་དང་མི་རབས་འཚར་ལོངས་ཡོང་བཞིན་ཡོད། ལོ་70ཡི་རིང་རང་རྒྱལ་གྱིས་བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་དང་རྩལ་ནུས་མཁས་ཅན་ཁྱོན་དུང་ཕྱུར་2.7གསོ་སྐྱོང་བྱས་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་སྐབས་མི་10ཡི་ནང་ནས་8ཡིག་རྨོངས་ཡིན་པ་ནས་ད་ཆ་གསར་འཕར་ངལ་རྩོལ་ནུས་ཤུགས་ཀྱི་ཆ་སྙོམས་ཀྱི་སློབ་གསོ་ཐོབ་པའི་ལོ་ཚད་ལོ་13.3ལྷག་ཙམ་ཟིན་པ་དེ་སློབ་ཆེན་ལོ་རིམ་དང་པོའི་ཆུ་ཚད་དང་ཧ་ལམ་མཚུངས་ཀྱི་ཡོད་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་མ་ཐག་པའི་སྐབས་སློབ་ཆུང་གི་སློབ་གསོ་གཞི་རྩའི་ཆ་ནས་ཁྱབ་གདལ་བཏང་བ་ནས་ད་ཆའི་མཐོ་རིམ་སློབ་གསོ་ཁྱབ་གདལ་ཡོང་རྒྱུ་ལ་སོགས་རེད།

ལོ་70ཡི་རིང་མི་རིགས་ཡོངས་ཀྱི་ཚན་རིག་དང་རིག་གནས་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་སོང་སྟེ། རྒྱལ་ཁབ་འཕེལ་རྒྱས་ཆེད་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་པ་དང་ཆབས་ཅིག རྒྱལ་འབངས་དེ་བས་མང་བའི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་སོང་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།