ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱི་ཡིག་ཅུས་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཤིན་ཧྭ་གསར་འགྱུར་ཁང་།

| 2019-09-06 10:36:10

ཀྲུང་གོ་ཕྱི་ཡིག་ཅུས་བཙུགས་ནས་ལོ་70འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། རྒྱལ་སྤྱིའི་བརྒྱུད་བསྒྲགས་ཀྱི་འཐབ་ས་མདུན་མར་དཀའ་སྤྱད་ལས་དོན་སྒྲུབ་མཁན་ཀྲུང་གོ་ཕྱི་ཡིག་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་ཡོངས་དང་། ཀྲུང་གོ་རྒྱལ་སྤྱིའི་བརྒྱུད་བསྒྲགས་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་མཛའ་གྲོགས་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཡོད་པ་རེད།

ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་70རིང་། ཀྲུང་གོ་ཕྱི་ཡིག་ཅུས་ཀྱིས་ཕྱི་ཕྱོགས་ལ་ཀྲུང་གོའི་འཕེལ་རྒྱས་འགྱུར་ལྡོག་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་ངོ་སྤྲོད་དང་། ཀྲུང་ཕྱིའི་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་གསུང་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱ་ཆེད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། དུས་བབ་གསར་པའི་འོག་ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བ་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱི་ཡིག་ཅུས་ཀྱིས་ཅུས་དེ་བཙུགས་ནས་ལོ་70འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། དག་སྲུང་གསར་གཏོད་མཐའ་འཁྱོངས། མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་རྒྱལ་སྤྱིའི་བརྒྱུད་བསྒྲགས་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏང་སྟེ་འཛམ་གླིང་ཐོག་རྩེ་གྲ་དང་ཕྱོགས་བསྡུས་སྟོབས་ཤུགས་ཆེན་པོ་ལྡན་པའི་རྒྱལ་སྤྱིའི་བརྒྱུད་བསྒྲགས་སྒྲིག་གཞི་ཧུར་ཐག་བསྐྲུན་ནས་འཛམ་གླིང་ལ་དུས་རབས་གསར་པའི་ཀྲུང་གོ་དེ་བས་ལེགས་པའི་སྒོ་ནས་ངོ་སྤྲོད་བྱེད་པ་དང་དངོས་ཡོད་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་དེ་བས་ལེགས་པའི་སྒོ་ནས་མངོན་པར་བྱས་ཏེ་ཀྲུང་གོ་འཛམ་གླིང་ཕྱོགས་སུ་བསྐྱོད་པ་དང་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

ཚེས་4ཉིན་གྱི་སྔ་དྲོ། ཀྲུང་གོ་ཕྱི་ཡིག་ཅུས་བཙུགས་ནས་ལོ་70འཁོར་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཏང་ཀྲུང་དབྱང་གིས་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཀྲུང་གོ་ཕྱི་ཡིག་ཅུས་ལ་རེ་བ་དང་མངགས་བཅོལ་ཟབ་མོ་བཅོལ་བ་མཚོན་ཡོད། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། དག་སྲུང་གསར་གཏོད་མཐའ་འཁྱོངས། འོས་འགན་དང་འགན་འཁྲི་འཁུར་བ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བས་རྒྱ་ཆེ་བ་དང་། དེ་བས་གཏིང་ཟབ་པ། དེ་བས་རྒྱང་རིང་བ་བཅས་ཀྱི་སྒོ་ནས་བརྒྱུད་བསྒྲགས་བྱེད་དགོས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། སྤེལ་རེས་ཉམས་ལེན་བྱ་རྒྱུར་སྐུལ་འདེད་གཏོང་བ། དམངས་སེམས་གཅིག་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ནུས་པ་གསར་པ་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད།

ཀྲུང་གོ་ཕྱི་ཡིག་ཅུས་ཀྱི་འགན་ཁུར་བ་དང་རིགས་གཅིག་མཁས་ཅན་དང་། གཞོན་ནུ་ལས་བཟོ། ཕྱི་ཁོངས་ལས་མི་བཅས་ཀྱི་འཐུས་མིས་གཏམ་བཤད་བྱས་པ་རེད།

ཀྲུང་གོ་ཕྱི་ཡིག་ཅུས་ཀྱི་ལས་ཁུངས་སྔོན་མ་ནི་1949ལོའི་ཟླ་10ཚེས་1ཉིན་བཙུགས་པའི་ཀྲུང་གོ་མི་དམངས་སྲིད་གཞུང་གསར་འགྱུར་སྤྱི་ཁྱབ་ཧྲུའུ་རྒྱལ་སྤྱིའི་གསར་འགྱུར་ཅུས་ཡིན་ཞིང་། ལོ་70ཡི་འཕེལ་རྒྱས་བརྒྱུད། མིག་སྔར་ཀྲུང་གོ་ཕྱི་ཡིག་ཅུས་ཀྱིས་རྒྱལ་ཁབ་དང་ས་ཁུལ་14རུ་ཕྱི་རྒྱལ་དུ་བཅའ་སྡོད་སྒྲིག་གཞི་26བཙུགས་ཡོད་པ་དང་། ལོ་ལྟར་ཡིག་རིགས་40ལྷག་ཙམ་གྱི་དཔེ་དེབ་4000ལྷག་ཙམ་དཔེ་སྐྲུན་བྱེད་པ་དང་ཡིག་རིགས་13གྱི་དུས་དེབ་34རྩོམ་སྒྲིག་བྱེད་པ་དང་། དཔེ་དེབ་དང་དུས་དེབ་དེ་དག་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་180ལྷག་ཙམ་ལ་འགྲེམས་སྤེལ་བྱེད་པ་དང་དྲ་རྒྱའི་ཀློག་པ་པོ་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།