ལྷ་ཉིང་ལྕགས་ལམ་གྱི་སྦ་ག་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ།

ཤིན་ཧྭ་གསར་འགྱུར་ཁང་།

| 2019-08-07 17:21:49

ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་2ཉིན་གྱི་ཕྱི་དྲོ། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡིན་པའི་སྦ་ག་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་ཡོད། འདི་ནི་ལྷ་ཉིང་ལྕགས་ལམ་གྱི་ས་བབ་མཐོ་ཚད་སྨི་3000ཡན་གྱི་ཕུག་ལམ་ཆེ་གྲས་གྲུབ་འབྲས་ཐོབ་པའི་ངང་ཏལ་འབིགས་ཐུབ་པ་ཞིག་ཡིན་པ་དང་དེ་ཐོག་ནས་ལམ་ཐིག་ཧྲིལ་པོའི་གཙོ་གནད་དང་དཀའ་ཚེགས་ཆེ་བའི་ལས་གྲྭར་བསྐྱར་དུ་དུས་མཚམས་རང་བཞིན་གྱི་ཚད་བརྒལ་བྱུང་བ་མཚོན་ཐུབ།

སྦ་ག་ཕུག་ལམ་དེ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཁོངས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3100དང་རིང་ཚད་ལ་སྨི་9240ཡོད་ཁར་གཏིང་ཟབ་ཤོས་ལ་སྨི་1381ཡོད།

ཀྲུང་གོ་ལྕགས་ལམ་ཅུས་བཅུ་བདུན་པའི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་ཀྱི་བཀོད་འདོམས་དཔོན་ཝང་ཧྲུའུ་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྦ་ག་ཕུག་ལམ་གྱི་བྲག་གཏོར་ཁུལ་གྱིས་90%བཟུང་ནས་ཨར་སྐྲུན་བྱེད་པའི་བརྒྱུད་རིམ་ནང་བྲག་གཏོར་ཐེངས་3000ལྷག་ཙམ་བྱས་པ་དང་ཕུག་ལམ་ནང་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་42ཟིན་ཁར། བར་ཐག་རིང་བའི་ཕུག་ལམ་རྐྱང་པའི་ཨར་སྐྲུན་ལ་འཕྲད་པའི་དེ་བས་ཆེ་བའི་འགྲན་སློང་ནི་ཕུག་ལམ་ནང་གི་དབྱང་རླུང་འདུས་ཚད་ཐང་གཤོངས་ས་ཆའི་19%ལས་མེད། ཨར་སྐྲུན་བྱེད་རིང་། རླུང་འཁོར་སོགས་རྨང་གཞིའི་རླུང་ལམ་སྒྲིག་ཆས་བསྒར་བ་ཕུད། ད་དུང“རྒྱུན་མཐུད་རླུང་འགྲོ་བྱེད་ཐབས”སྤྱད་དེ་སྤྱི་ལེ་རེའི་སར་གསོ་རླུང་བརྒྱུད་སྐྱེལ་ས་ཚིགས་རེ་བཙུགས་ནས་ས་མཐོའི་ཕུག་ལམ་ཆེ་གྲས་ནང་དྲོད་ཚད་མཐོ་བ་དང་གསོ་རླུང་དཀོན་པའི་ཨར་སྐྲུན་གྱི་དཀའ་གནད་ཐག་གཅོད་བྱས་པ་རེད།

སྦ་ག་ཕུག་ལམ་ནི་ལྷ་ཉིང་ལྕགས་ལམ་གྱི་ཕུག་ལམ་47ཁྲོད་ཏལ་འབིགས་ཐུབ་པའི་ཕུག་ལམ་37དེ་ཡིན་པ་དང་། འདི་ལོའི་ཟླ་7པའི་ཟླ་མཇུག་བར། ལྷ་ཉིང་ལྕགས་ལམ་གྱི་ཕུག་ལམ་འཛུགས་སྐྲུན་ཐད་རིམ་རྩིས་བྱས་ན་འཆར་གཞིའི་95%ལེགས་གྲུབ་ཟིན་པ་དང་། ལྷག་འཕྲོས་ཀྱི་ཕུག་ལམ་10འདི་ལོའི་ལོ་མཇུག་ཏུ་ཚང་མ་ཏལ་འབིགས་ཐུབ་རེ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།